༄༅།།ཨ་རིས་རྒྱལ་ཁབ་འདིར་དམག་དོན་རོཊ་སྐྱོར་བྱ་རྒྱུ་རེད།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་27ཉིན། 14:11】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་24ཉིན། ཨ་རིའི་རྒྱལ་དོན་བློན་ཆེན་ཨན་ཏུང་ཉི·པུའུ་ལིན་ཁེན་གྱིས་གསལ་བསྒྲགས་སྤེལ་ནས། ཉིན་དེར་ཨ་རིས་ཡུག་རེན་ལ་རིན་ཐང་ཨ་སྒོར་དུང་ཕྱུར་2.75ཡི་དམག་དོན་རོགས་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་ཅེས་བཤད་པ་རེད།
གསལ་བསྒྲགས་ནང་། རོགས་སྐྱོར་ཁག་དེའི་ནང་“ཧའེ་མ་སི”འཕྲུལ་སྒྲུལ་མཐོན་པོའི་མེ་ཤུགས་འཕུར་མདའི་མེ་སྒྱོགས་མ་ལག་སོགས་མཚོན་ཆའི་སྒྲིག་ཆས་ཚུད་ཡོད་ཅེས་འཁོད་ཡོད་པ་རེད།