༄༅།།འཕྲུལ་ཁྱི་འདི་ལ་དོ་སྣང་མང་ཙམ་བྱུང་འདུག
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་27ཉིན། 13:55】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར་རང་རྒྱལ་གྱིས་བཟོས་པའི་འཕྲུལ་ཁྱི་ཞིག་ཀྲུང་གོ་དང་ཁམ་ཕུ་ཁྲེའི“གསེར་འབྲུག་-2024”མཉམ་འབྲེལ་དམག་སྦྱོང་ལ་ཞུགས་པར་གླེང་མོལ་ཆེན་པོ་བྱུང་ཡོད། དེའི་དམག་འཐབ་ནུས་པ་ཇི་འདྲ་ཡིན་པར་མཉམ་དུ་བལྟ་འགྲོ།
རིགས་དང་པོ།
ལྗིད་ཚད། སྤྱི་རྒྱ15ཙམ།
བསྟུད་མར་སྐྱོད་ཡུན། ཆུ་ཚོད་2—4བར།
ཁྱད་ཆོས། ཚད་བརྒལ་རྒྱ་ཟུར་ཤེས་ཚོར་རྒྱུད་ཁོངས་སྒྲིག་སྦྱོར།
ཀྲུང་གོ་ཕྱོགས་ཀྱི་འཁྲབ་སྟོན་རུ་མི་དབྱང་ཧྲེང་ཀྲིས་ངོ་སྤྲོད་བྱས་དོན། “ང་ཚོའི་མྱུལ་ཞིབ་ལས་འགན་སྒྲུབ་རིང་། འཕྲུལ་ཁྱི་འདིས་མྱུལ་ཞིབ་ཀྱི་པར་རིས་དུས་ཐོག་ཏུ་བཀོད་འདོམས་པུའུ་ལ་བསྐྱལ་ཐུབ་པ་དང་། དེའི་གསུས་པར་གློག་རྫས་དང་སྒུལ་ཤུགས་མ་ལག་བླུགས་ཡོད་པས། མདུན་སྐྱོད་དང་། འཕྲེད་ཉལ། མཆོང་བ། ཕྱིར་བཤོལ་སོགས་བྱེད་ཐུབ་པ་མ་ཟད། ད་དུང་རང་བདག་གིས་ལམ་ཐིག་འཆར་འགོད་བྱས་ནས་འགོག་རྐྱེན་ལས་གཡོལ་ཐུབ་པས། མྱུལ་ཞིབ་བྱེད་རིང་དམིགས་འབེན་ཕྱོགས་ལ་མགྱོགས་པོར་སླེབས་ཐུབ། མི་རྣམས་ཀྱིས་དེར་“གནམ་བསྐོས་གླ་རྒྱག་ཁྱི་”ཞེས་འབོད་ཀྱི་ཡོད།
རིགས་གཉིས་པ།
ལྗིད་ཚད། སྤྱི་རྒྱ་50ལྷག
ཐེག་ཁུར་ཆེ་ཤོས། སྤྱི་རྒྱ་80།
ཁྱད་ཆོས། མེ་མདའ་བཀལ་ཆོག
ཀྲུང་གོའི་ཕྱོགས་ཀྱི་ནང་སྦྱོང་ནང་ཞུགས་མཁན་རུ་མི་ཁྲེན་ཝུའེ་ཡིས། “དུས་རྒྱུན་སྦྱོང་བརྡར་བྱེད་སྐབས་དེས་རུ་མི་ཚོའི་ཚབ་བྱས་ནས་སྔོན་ལ་མྱུལ་ཞིབ་བྱེད་ཆོག་གི་ཡོད། “དགྲ་བོ་”ཤེས་རྟོགས་བྱུང་ན། སྔོན་ལ་རྡུང་རྡེག་བྱེད་ཆོག་པས། ང་ཚོའི་གྲོང་ཁྱེར་གྱི་ཕར་རྒོལ་འགོག་སྲུང་དམག་འཐབ་ཁྲོད་ཀྱི་ཁོངས་མི་གསར་པ་ཞིག་རེད”ཅེས་བཤད།
