འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་25ཉིན།

༄༅།།དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་13%འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་25ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་13%འཕར་ནས་འཕར་ཚད་དུས་མཚུངས་ཀྱི་བཟོ་ལས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ལས་བརྒྱ་ཆའི་གྲངས་6.9དང་5.5ཁག་སོ་སོར་མཐོ་བ་ཡོད། དེའི་ནང་ཟླ་བ་3པར་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་10.6%འཕར་ཡོད་པ་རེད།
     ཐོན་རྫས་གཙོ་བོའི་ཐོན་སྐྱེད་བརྟན་པོའི་ངང་འཕར་བ་དང་ཕྱིར་གཏོང་བསྐྱར་འཕར་བྱུང་ཞིང་། དུས་ཚིགས་དང་པོར་ལག་ཐོགས་ཁ་པར་ཐོན་ཚད་དུང་ཕྱུར་3.74ཟིན་པ་དེ་དུས་མཚུངས་ལས་13.6%འཕར་བ་དང་དེའི་ནང་རིག་ནུས་ལག་ཐོགས་ཁ་པར་ཐོན་ཚད་དུང་ཕྱུར་2.76ཟིན་པ་དེ་དུས་མཚུངས་ལས་16.7%འཕར་ཡོད། རྩིས་འཁོར་གྱི་སྒྲིག་ཆས་ཆུང་གྲས་ཀྱི་ཐོན་ཚད་ཁྲི་7404ཟིན་པ་དང་། འདུས་གྲུབ་གློག་ལམ་ཐོན་ཚད་དུང་ཕྱུར་981ཟིན་པ་དེ་དུས་མཚུངས་ལས་40%འཕར་ཡོད། དུས་ཚིགས་དང་པོར་རང་རྒྱལ་གྱིས་ལག་ཐོགས་རྩིས་འཁོར་ཁྲི་3232ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་11.5%འཕར་བ་དང་། ལག་ཐོགས་ཁ་པར་དུང་ཕྱུར་1.81ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་6.3%འཕར་བ། འདུས་གྲུབ་གློག་ལམ་དུང་ཕྱུར་624ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་3%འཕར་ཡོད།
     ཕན་འབྲས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཞིང་། དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3.44བྱུང་བ་དེ་དུས་མཚུངས་ལས་6.7%འཕར་བ་དང་། ཁེ་སྤོགས་དངུལ་འབོར་སྒོར་དུང་ཕྱུར་1009བྱུང་བ་དེ་དུས་མཚུངས་ལས་82.5%འཕར་བ། ལས་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་2.9%ཟིན་པ་དེ་ཟླ་བ་དང་པོ་དང་གཉིས་པ་ལས་བརྒྱ་ཆའི་གྲངས་0.9འཕར་ཡོད།
     མ་འཇོག་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་བྱུང་ཞིང་། དུས་ཚིགས་དང་པོར་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་14.3%འཕར་བ་དེ་དུས་མཚུངས་ཀྱི་བཟོ་ལས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་མ་འཇོག་འཕར་ཚད་ལས་བརྒྱ་ཆའི་གྲངས་0.9དང་3.5ཁག་སོ་སོར་མཐོ་བ་ཡོད་པ་རེད།
     (པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)