འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་24ཉིན།

༄༅།།ཨ་མྱེས་རྨ་ཆེན་གངས་རི། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་24ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་མྱེས་རྨ་ཆེན་གངས་རི།
   ཟླ་5ཚེས་23ཉིན། ཨ་མྱེས་རྨ་ཆེན་གངས་རི་སྔར་བཞིན་ཁ་བས་གཡོགས་ནས་ཡོད།  ཨ་མྱེས་རྨ་ཆེན་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ནུབ་བྱང་རྒྱུད་དུ་གནས་པ་དང་། ས་བབ་མཐོ་ཚད་སྨི་6000ཡན་གྱི་རྩེ་མོ་གསུམ་ལས་གྲུབ་པ་དང་། གཙོ་རི་རྨ་ཆེན་གངས་རིའི་མཐོ་ཚད་ལ་སྨི་6282ཡོད། རི་རྩེར་ལོ་འཁོར་མོར་ཁ་བ་དང་དར་གྱིས་གཡོགས་པ་དང་།  དེར་ད་དུང་འདམ་གཞུང་འཁྱགས་རོམ་དང་ལྷ་ལུང་འཁྱགས་རོམ་བཅས་གནའ་བོའི་འཁྱགས་རོམ་གཉིས་ཡོད་ལ། རྨ་ཆུའི་འབྱུང་ཁུངས་ཀྱི་ཆ་ཤས་ཤིག་ཀྱང་ཡིན། ཨ་མྱེས་རྨ་ཆེན་ལ་རྨ་ཆུའི་འབབ་རྒྱུད་ཀྱི་རིའི་རྒྱལ་པོ་ཞེས་ཀྱང་འབོད་ཀྱི་ཡོད།  
【1】  【2】
༄༅།།ཨ་མྱེས་རྨ་ཆེན་གངས་རི།