འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་24ཉིན།

༄༅།།རྒྱལ་སྤྱིའི་ཁྲིམས་ཁང་གིས་ཁྲུན་ཐག་འདི་གཅོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་24ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ལུའུ་ཐུའུ་གསར་འགྱུར་ཁང་དང་ཧྥ་རན་སིའི་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་23ཉིན། རྒྱལ་སྤྱིའི་ཁྲིམས་ཁང་གིས་ཚེས་24ཉིན་ལྷོ་ཨ་ཧྥེ་རི་ཁས་དབྱི་སི་རལ་ལ་ཀཱ་ཟར་དམག་འཁྲུག་མཚམས་འཇོག་རྒྱུའི་རེ་བ་བཏོན་པའི་ཐད་ཁྲུན་ཐག་གཅོད་རྒྱུ་ཡིན་ཞེས་བཤད་པ་རེད། དེ་གོང་ལྷོ་ཨ་ཧྥེ་རི་ཁས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཛ་དྲག་གི་བྱེད་ཐབས་སྤྱད་དེ་དབྱི་སི་རལ་ལ“ཀཱ་ཟ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུའི”བཀའ་བཏང་ཞིང་། དེའི་ནང་ལཱ་ཧྥ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བ་ཚུད་ཡོད།