༄༅།།དབྱི་སི་རལ་ལ་འཇབ་རྒོལ་བྱས་འདུག
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་24ཉིན། 14:09】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་23ཉིན། དབྱི་རག་གི་ཡུལ་དམག་དྲག་ཆས“དབྱི་སི་ལན་འགོག་རྒོལ་རྩ་འཛུགས”ཀྱིས་གསལ་བསྒྲགས་སྤེལ་ནས། རྩ་འཛུགས་དེས་ཉིན་དེར་སྐོར་ཞིབ་འཕུར་མདེལ་སྤྱད་དེ་དབྱི་སི་རལ་གྱི་གྲུ་ཁ་ཆེ་ཤོས་ཧའེ་ཧྥ་གྲུ་ཁར་འཇབ་རྒོལ་བྱས་པ་མ་ཟད། ཀེ་ལན་མཐོ་སར་གནས་པའི་དབྱི་སི་རལ་གྱི་དམག་དོན་དམིགས་ཚད་ཅིག་ལ་མི་མེད་གནམ་གྲུའི་འཇབ་རྒོལ་ཡང་བྱས་ཡོད་ཅེས་འཁོད་ཡོད།
དབྱི་སི་རལ་ཕྱོགས་ཀྱིས་དེའི་ཐད་གནས་སྐབས་ལན་སློག་མེད།