འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་24ཉིན།

༄༅།།དབྱི་རན་གྱིས་ཐད་འཕུར་གནམ་གྲུའི་དོན་རྐྱེན་གྱི་མཇུག་འབྲས་ཁྱབ་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་24ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་23ཉིན། དབྱི་རན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་འཐབ་ཇུས་པུའུ་ཡིས་རྐྱེན་ལམ་དུ་ཤོར་བའི་ཙུང་ཐུང་ལའེ་ཞི་དང་ཕེབས་རོགས་ཀྱི་ཐད་འཕུར་གནམ་གྲུའི་དོན་རྐྱེན་གྱི་བརྟག་དཔྱད་སྙན་ཞུ་ཐོག་མ་ཁྱབ་བསྒྲགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེ་ཧེ་རན་ནས་མངགས་གཏོང་བྱས་པའི་ཆེད་ལས་ལག་རྩལ་ཚོ་ཆུང་དེ་ས་གནས་དེ་གའི་དུས་ཚོད་ཚེས་20ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར་ཐད་འཕུར་གནམ་གྲུ་ལྷུངས་པའི་ས་གནས་སུ་འབྱོར་ནས་ཆ་འཕྲིན་འཚོལ་བསྡུ་བྱས་པ་རེད། 
     སྙན་ཞུའི་ནང་མངོན་པ་ལྟར་ན། 
     ཐད་འཕུར་གནམ་གྲུ་འཆར་གཞི་ལྟར་མཁའ་ལམ་དུ་འཕུར་སྐྱོད་བྱས་པ་ལས་གཏན་འཁེལ་གྱི་མཁའ་ལམ་དང་ཁ་བྲལ་མེད། 
     ཐད་འཕུར་གནམ་གྲུའི་དོན་རྐྱེན་མ་བྱུང་གོང་གི་སྐར་མ་གཅིག་དང་ཕྱེད་ཀ་ཙམ་གྱི་ནང་། དོན་རྐྱེན་བྱུང་བའི་ཐད་འཕུར་གནམ་གྲུའི་འཕུར་སྐྱོད་པ་དང་འཕུར་སྐྱོད་ཚོ་ཆུང་དེའི་ཐད་འཕུར་གནམ་གྲུ་གཞན་གཉིས་བར་འབྲེལ་གཏུག་བྱས་པ་རེད། 
     ལྷུངས་པའི་ཐད་འཕུར་གནམ་གྲུའི་ལྷུ་ལག་གཞན་པ་ལས་མདེལ་ཤུལ་དང་དེ་དང་འདྲ་བའི་གནས་ཚུལ་ཤེས་རྟོགས་བྱུང་མེད།  
     ལྷུངས་པའི་ཐད་འཕུར་གནམ་གྲུ་བར་སྣང་དུ་སླེབས་རྗེས་མེ་ཤོར་བ་རེད། 
     ས་ཁུལ་གྱི་གནས་ཚུལ་རྙོག་འཛིང་ཆེ་བ་དང་། སྨུག་པ་ཆེ་བ། དྲོད་ཚད་དམའ་བ་བཅས་ཀྱི་དབང་གིས་འཚོལ་སྐྱོབ་འགོར་འགྱངས་བྱས་ཤིང་། མཚན་གང་རྒྱུན་མཐུད་བྱས་པ་མ་ཟད་ཟླ་5ཚེས་20ཉིན་གྱི་ཐོ་རེངས་ཆུ་ཚོད་5པར་དབྱི་རན་གྱི་མི་མེད་གནམ་གྲུའི་རོགས་རམ་འོག་དོན་རྐྱེན་བྱུང་ཡུལ་གཏན་འཁེལ་བྱས་པ་རེད། 
     སྙན་ཞུའི་ནང་ད་དུང་ད་ཐེངས་ཀྱི་ཐད་འཕུར་གནམ་གྲུའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་མང་ཆེ་བ་བསྡུ་རུབ་བྱས་ཟིན་པ་དང་། ནང་དོན་ཁག་གཅིག་དབྱི་རན་ཕྱོགས་ཀྱིས་ད་དུང་དུས་ཚོད་དེ་བས་མང་པོ་སྤྱད་ནས་ཞིབ་བཤེར་བྱེད་དགོས་ཞེས་འཁོད་ཡོད་པ་རེད།