འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་24ཉིན།

༄༅།།བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་མཐུན་ཚོགས་བཙུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་24ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ལྷ་སར་བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་མཐུན་ཚོགས་བཙུགས་པ་རེད།
     བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་རྟེན་མཛོད་ཁང་གི་ལས་དོན་པར་དུས་རབས་གསར་པའི་རིག་དངོས་ལས་དོན་གྱི་བྱེད་ཕྱོགས་སློབ་སྦྱོང་དང་གོ་བ་ལེན་པར་ཁྲིད་སྟོན་བྱས་ནས། ལྗོངས་ཡོངས་ཀྱི་རྟེན་མཛོད་ཁང་གི་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། དེ་དང་ཆབས་ཅིག་རྟེན་མཛོད་ཁང་མཐུན་ཚོགས་ཀྱི་རིག་གཞུང་ཞིབ་འཇུག་དང་རིག་གཞུང་སྣེ་ཁྲིད་ཀྱི་གཞི་རྩའི་འགན་ནུས་འདོན་སྤེལ་བྱས་ཏེ་ལྗོངས་ཡོངས་ཀྱི་ཆེད་ལས་རྟེན་མཛོད་ཁང་དང་། ལས་རིགས་རྟེན་མཛོད་ཁང་། དགོན་སྡེའི་རིག་དངོས་བཤམས་སྟོན་ཁང་། དམངས་ཁྲོད་རྟེན་མཛོད་ཁང་བཅས་སྣ་ཚོགས་ལ་ལས་སྒོའི་མཛུབ་ཁྲིད་བྱས་ནས་སྤྱི་དམངས་ཀྱིས་རྟེན་མཛོད་ཁང་ལ་སྔར་བས་ཤེས་རྟོགས་ཐུབ་པ་དང་རྟེན་མཛོད་ཁང་གི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ་ཡིན་པ་རེད།
     མིག་སྔའི་བར། བོད་རང་སྐྱོང་ལྗོངས་ཡོངས་སུ་རིགས་ཁག་གི་རྟེན་མཛོད་ཁང་དང་། བཤམས་སྟོན་ཁང་། དྲན་གསོ་ཁང་བཅས་43ཡོད་པའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་མཛོད་ཁང་1དང་རིམ་པ་གཉིས་པའི་རྟེན་མཛོད་ཁང་1ཡོད་ཅིང་། དེ་ཕྱོགས་བསྡུས་ཀྱི་རིགས་དང་། ཆེད་དོན་གྱི་རིགས། ལས་རིགས་ཀྱི་རིགས་བཅས་ཀྱི་རྟེན་མཛོད་ཁང་དང་དེ་བཞིན་དྲན་གསོ་ཁང་དང་བཤམས་སྟོན་ཁང་སོགས་དང་འབྲེལ་ཡོད་པ་རེད།
     (གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)