འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་23ཉིན།

༄༅།།དམག་འཁྲུག་མཚམས་འཇོག་རྒྱུའི་ཐད་གྲོས་མོལ་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་23ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཚེས་23ཉིན་གྱི་ཐོ་རེངས་སུ། དབྱི་སི་རལ་གྱི་དམག་འཁྲུག་སྐབས་ཀྱི་ནང་བློན་ཁང་གི་ཚོགས་འདུའི་གྲོས་བསྡུར་མཇུག་བསྒྲིལ་ཞིང་། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡཱ་ཧུའུ་ཡིས་མི་སྣ་བརྗེ་རེས་དང་ཀཱ་ཧྲའི་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་གྱི་གྲོས་མོལ་ནང་དབྱི་སི་རལ་གྱི་འཐུས་མི་ཚོགས་པ་མུ་མཐུད་ཞུགས་རྒྱུའི་བཀའ་བཏང་བ་རེད། 
     འདུམ་འགྲིག་ཕྱོགས་ཀྱིས་བཏོན་པའི་ཀཱ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་འགོར་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སི་)གྱིས་ཟླ་འདིའི་ཚེས་6ཉིན་མོས་མཐུན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་དབྱི་སི་རལ་ཕྱོགས་ཀྱིས་ཧ་མ་ནས་ཁས་ལེན་བྱས་པའི་ཆ་རྐྱེན་དེ་བླང་བྱ་དང་ཐག་ཧ་ཅང་རིང་པོ་ཡོད་ཚུལ་བསྟན། ཚེས་7ཉིན་ནས་བཟུང་། ཧ་མ་སི་དང་དབྱི་སི་རལ། འབྲེལ་ཡོད་འདུམ་འགྲིག་ཕྱོགས་བཅས་ཀྱིས་ཨེ་ཅིབ་ཀྱི་ཁེ་རོར་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མོལ་བྱས་པ་རེད། ཚེས་9ཉིན་གྲོས་མོལ་ལ་མོས་མཐུན་མ་བྱུང་།