༄༅།།ཨུ་རུ་སུས་ཐའེ་ཝན་གྱི་གནད་དོན་ཐད་འདི་ལྟར་བཤད།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་23ཉིན། 15:14】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉེ་ཆར། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀེ་ལི་ཀའོ་ལི་·ཁཱ་ལཱ་ཞིན་གྱིས་ཐའེ་ཝན་གནད་དོན་ཐད་ཀྱི་ཨུ་རུ་སུའི་གཞི་རྩའི་ལངས་ཕྱོགས་ལ་འགྱུར་བ་མེད། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་ཁྲིམས་མཐུན་སྲིད་གཞུང་འབའ་ཞིག་ཡིན་པ་དང་། ཐའེ་ཝན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ཅེས་བཤད་པ་རེད།
ཁཱ་ལཱ་ཞིན་གྱིས་ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པ་དང་། ཀྲུང་གོར་རང་ཉིད་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་ཕྱིར་བྱེད་ཐབས་དགོས་ངེས་སྤྱོད་དབང་ཡོད་ཅེས་བཤད་པ་རེད།