འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་23ཉིན།

༄༅།།ཨ་རི་དང་དབྱི་སི་རལ་གྱིས་དོན་འདིར་གྲོས་མོལ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་23ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་22ཉིན། ཨ་རིའི་རྒྱལ་སྲུང་པུས་གསལ་བསྒྲགས་སྤེལ་ནས་འཁོད་དོན། ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཨའོ་སི་ཐིང་གིས་ཉིན་དེར་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅ་ལན་ཐེར་ཁ་པར་བཏང་ནས། ཕྱོགས་གཉིས་པོས་ཀཱ་ཟའི་གནས་བབ་སོགས་ཀྱི་གནད་དོན་ལ་གྲོས་མོལ་བྱས་པ་རེད། ཨའོ་སི་ཐིང་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཞིབ་དཔྱོད་དཔོན་གྱིས་དབྱི་སི་རལ་གྱི་འགོ་ཁྲིད་པར་འཛིན་རྒྱ་གཏོང་རྒྱུའི་རེ་ཞུ་བྱས་པར་ཨ་རིས་ངོ་རྒོལ་དྲག་པོ་བྱ་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་བྱས་པ་རེད། 
     ཨའོ་སི་ཐིང་གིས། ཉེ་ལམ། སྤྱོད་ཆོག་པའི་ས་མཚམས་བརྒལ་བའི་ས་ཚིགས་ཚང་མ་བརྒྱུད་ཀཱ་ཟར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད། ཨའོ་སི་ཐིང་གིས་དབྱི་སི་རལ་སྲིད་གཞུང་དང་ཨེ་ཅིབ་བར་ལཱ་ཧྥ་འགག་སྒོ་སླར་ཡང་སྒོ་འབྱེད་རྒྱུའི་སྐོར་གྱི་གྲོས་མོལ་ལེགས་འགྲུབ་བྱས་ནས། ཁའེ་ལུའེ་མུའུ་ཧྲ་ལུའོ་མུའུ་འགག་སྒོ་རུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རྒྱུན་མཐུད་ངང་འཁོར་རྒྱུག་སླར་གསོ་བྱེད་དགོས་པའི་སྐུལ་ལྕག་བཏང་བ་རེད།