འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་23ཉིན།

༄༅།།ཡུལ་སྐོར་བ་འདིར་སྒོར་5000ཡི་ཆད་པ་བཅད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་23ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་5ཚེས་22ཉིན། ཞིན་ཅང་དབྱི་ཉིང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་བ་ཞིག་གིས་རླངས་འཁོར་བསྐོར་ནས་རྩྭ་ཐང་དུ་གང་སར་རྒྱུགས་པས་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། ཚེས་17ཉིན་ཡུལ་སྐོར་བ་ཞུས་ཆེ་གེ་མོས་ཐོ་ཧུའུ་ལ་སུའུ་མཛེས་ལྗོངས་ཁུལ་དུ་རང་འགུལ་གྱིས་རླངས་འཁོར་བསྐོར་ནས་རྩྭ་ར་མནན་པ་རེད། ཞུས་ཆེ་གེ་མོའི་བྱ་སྤྱོད་ཀྱིས་རྩྭ་རའི་སྔོ་ཁེབས་མུའུ་2ལ་གཏོར་བརླག་བཏང་ནས་རྩྭ་རའི་སྐྱེ་ཁམས་ཁོར་ཡུག་དང་རྗེས་མཐུད་ཀྱི་སྐྱེ་འཚར་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། ཚེས་21ཉིན་དབྱི་ཉིང་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་ཤིང་། ཞུས་ཆེ་གེ་མོར་སྲིད་འཛིན་ཆད་པ་སྒོར5000བཅད་པ་མ་ཟད། དུས་བཀག་ནང་སྔོ་ཁེབས་སླར་གསོ་བྱས་ནས་འབྲོག་པའི་རྩྭ་རའི་གྱོང་གུན་གསབ་དགོས་པའི་བཀའ་ཡང་བཏང་བ་རེད།