འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་23ཉིན།

༄༅།།ཨ་དམག་གི་མི་མེད་གནམ་གྲུ་འདི་གཏོར་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་22ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཚེས་21ཉིན། ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱི་མགྲིན་ཚབ་པ་ཡེ་ཧའེ་ཡ·ས་ལེ་ཡ་ཡིས། ཚེས་17ཉིན་ཧུའུ་སའེ་དྲག་ཆས་ཀྱིས་ཨ་རིའི་དམག་གི་MQ-9“འཆི་བདག་”མི་མེད་གནམ་གྲུ་ཞིག་གཏོར་བ་དང་། ཉེ་ཆར་པེ་ཏ་ཞིང་ཆེན་དུ་སླར་ཡང་MQ-9“འཆི་བདག་”མི་མེད་གནམ་གྲུ་ཞིག་གཏོར་བ་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་དུས་ཚོད་ཞིབ་ཕྲ་བཤད་མེད། 
   བསྡོམས་རྩིས་ལས་མངོན་པར། ན་ནིང་ཟླ་10ཚེས་7ཉིན། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་རེས་སྐོར་གསར་པའི་གདོང་ཐུག་བྱུང་བ་ནས་བཟུང་། ཨ་རིའི་དམག་གི་MQ-9“འཆི་བདག་”མི་མེད་གནམ་གྲུ་ལྔ་ཧུའུ་སའེ་དྲག་ཆས་ཀྱིས་གཏོར་བ་རེད།