འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་21ཉིན།

༄༅།།ཁོང་གིས་གནས་སྐབས་དབྱི་རན་གྱི་ཙུང་ཐུང་གི་འགན་འཁུར་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་21ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དབྱི་རན་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས་20ཉིན་གནས་འཕྲིན་སྤེལ་ནས་འཁོད་དོན། དབྱི་རན་སྲིད་གཞུང་ནང་བློན་ཁང་གིས་དབྱི་རན་གྱི་ཙུང་ཐུང་ལའེ་ཞི་སོགས་ཐད་འཕུར་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་སྐོར་གསལ་བསྒྲགས་སྤེལ་ཡོད། 
     གསལ་བསྒྲགས་ནང་། དབྱི་རན་སྲིད་གཞུང་ནང་བློན་ཁང་གིས་དབྱི་རན་གྱི་ཙུང་ཐུང་ལའེ་ཞི་དང་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལཱ་ཞི་དབྱང་སོགས་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས་པ་དང་། “ང་ཚོས་རྒྱལ་ཁབ་དང་མི་དམངས་ལ་ཙུང་ཐུང་ལའེ་ཞི་ཡི་མདུན་སྐྱོད་ལམ་བུའི་ཐོག་མུ་མཐུད་བསྐྱོད་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་ལ་འགོག་རྐྱེན་མི་བཟོ་བའི་ཁས་ལེན་བྱ་རྒྱུ་ཡིན”ཞེས་བཤད་པ་རེད། 
     ཚེས་20ཉིན་དབྱི་རན་མའེ་ཧེའར་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། དབྱི་རན་གྱི་ཟླ་གསར་དམར་པོའི་ཚོགས་པའི་འགན་འཁུར་བས། དབྱི་རན་གྱི་ཙུང་ཐུང་སོགས་སྡོད་པའི་ཆག་སྒོ་བྱུང་བའི་ཐད་འཕུར་གནམ་གྲུའི་ནང་རྐྱེན་ལམ་དུ་ཤོར་བའི་ཕུང་པོ་དག་སྒྲིག་དང་གཙང་མ་བཟོས་རྗེས་ཏ་པུའུ་ལི་ཧྲིའི་སྤྱི་པའི་བང་སོར་སྤོས་པ་རེད། མིག་སྔར་སྐུ་ཕུང་འཚོལ་བཤེར་གྱི་ལས་ཀ་མཇུག་བསྒྲིལ་ཟིན་ཅེས་བཤད། 
     དབྱི་རན་གྱི་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། ཙུང་ཐུང་གྲོངས་པའི་གནས་ཚུལ་འོག ཆེས་མཐོའི་གཙོ་འཛིན་གྱི་ཆོག་མཆན་འོག་ཙུང་ཐུང་གཞོན་པ་དང་པོས་ཙུང་ཐུང་གི་དབང་ཆ་དང་འགན་ནུས་འཁུར་དགོས་ཡོད། དབྱི་རན་དབྱི་སི་ལན་གྲོས་ཚོགས་ཀྱི་གྲོས་དཔོན་སོགས་ལས་གྲུབ་པའི་ཨུ་ཡོན་ལྷན་ཁང་ལ་མང་ན་ཉིན་50ཡི་ནང་ཙུང་ཐུང་གསར་པ་འདེམས་བསྐོ་བཀོད་སྒྲིག་བྱེད་པའི་འོས་འགན་ཡོད།