༄༅།།པའེ་ཏེང་གིས་དོན་འདི་ཁྱབ་བསྒྲགས་བྱས།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་21ཉིན། 14:36】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་20ཉིན། ཨ་རིའི་ཙུང་ཐུང་པའེ་ཏེང་གིས་དབྱི་རག་གི་གནད་དོན་ཐད་རྒྱལ་ཁབ་ཀྱི་ཛ་དྲག་གི་རྣམ་པ་རིང་ཏུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
གསལ་བསྒྲགས་ནང་འཁོད་དོན། 2003ལོའི་ཟླ་5ཚེས་22ཉིན། ཨ་རིས་དབྱི་རག་ལ་དམིགས་པའི་རྒྱལ་ཁབ་ཀྱི་ཛ་དྲག་གི་རྣམ་པར་མིང་རྟགས་བཀོད་པ་རེད། པའེ་ཏེང་གིས་2024ལོའི་ཟླ་5ཚེས་22ཉིན་གྱི་རྗེས་སུ་སླར་ཡང་ལོ་གཅིག་རིང་ཏུ་གཏོང་རྒྱུའི་ཐག་བཅད་པ་རེད།