༄༅།།ལེན་མཁན་མེད་པའི་མི་ལུས་འགན་བཅོལ་གྱི་འགན་འཛིན་གཙང་སེལ་བྱས་པ།
འགན་འཛིན་ཁྲི་180.49ཡི་ཁེ་དབང་བླངས་ཟིན་པ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་21ཉིན། 14:04】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ན་ནིང་ཟླ་དགུ་པར་ལེན་མཁན་མེད་པའི་མི་ལུས་འགན་བཅོལ་གྱི་འགན་འཛིན་གཙང་སེལ་གྱི་ཆེད་དོན་ལས་དོན་སྤེལ་ཚུན། དྲན་སྐུལ་ནུས་ལྡན་བྱུང་བའི་འགན་འཛིན་ཁྱོན་ཁྲི་732.07ཟིན་པ་དེའི་འགན་བཅོལ་དངུལ(དངུལ་སྨར་རིན་ཐང)ཁྱོན་སྒོར་དུང་ཕྱུར་457.06ཟིན་པ་དང་། འཛད་སྤྱོད་པས་བླངས་པའི་འགན་འཛིན་ཁྱོན་ཁྲི་180.49ཟིན་པ་དེའི་འགན་བཅོལ་དངུལ(དངུལ་སྨར་རིན་ཐང)སྒོར་དུང་ཕྱུར་109.54ཟིན་ཡོད་པ་རེད།
“ལེན་མཁན་མེད་པའི་འགན་འཛིན”ཞེས་པ་ནི་གཙོ་བོ་འགན་བཅོལ་ལས་འཛོལ་ཐོན་པའམ་ཡང་ན་འགན་བཅོལ་གན་རྒྱའི་དུས་ཡུན་ཐིམ་ཡང་འབྲེལ་ཡོད་གུན་གསབ་དང་ཡང་ན་སྤྲད་པའི་འགན་བཅོལ་དངུལ་དུས་ཡུན་རིང་པོར་མ་བླངས་པ་དང་། དེ་བཞིན་འགན་བཅོལ་གན་རྒྱའི་གོ་ཆོད་ནུས་པ་མཚམས་ཆད་པའམ་ཡང་ན་གོ་ཆོད་ནུས་པ་མཚམས་ཆད་ཀྱང་འགན་འཛིན་གྱི་དངུལ་སྨར་རིན་ཐང་དུས་ཡུན་རིང་པོར་མ་བླངས་པའི་མི་ལུས་འགན་བཅོལ་གྱི་འགན་འཛིན་ལ་ཟེར།