འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་20ཉིན།

༄༅།།རྒྱལ་ཁབ་འདིའི་ཙུང་ཐུང་སྡོད་པའི་གནམ་གྲུར་དོན་རྐྱེན་བྱུང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་20ཉིན། 16:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དབྱི་རན་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཐོག་མའི་སྙན་ཞུ་ལས་མངོན་གསལ། དབྱི་རན་གྱི་ཙུང་ཐུང་ལའེ་ཞི་སྡོད་པའི་ཐད་འཕུར་གནམ་གྲུ་ཞིག་རྒྱལ་ཁབ་དེའི་ཨ་ཟེར་བྷེ་ཇན་ཤར་མའི་ཞིང་ཆེན་དུ་བཙན་འབབ་ཀྱི་དོན་རྐྱེན་བྱུང་བ་རེད། 
གནས་འཕྲིན་ནང་འཁོད་དོན། དོན་རྐྱེན་བྱུང་ཡུལ་ནི་ཨ་ཟེར་བྷེ་ཇན་ཤར་མའི་ཞིང་ཆེན་ཝར་ཀྲ་ཀན་ས་ཁུལ་གྱི་ཉེ་འགྲམ་ཡིན་པ་དང་། སྨུག་པ་འཐིབ་པ་སོགས་གནམ་གཤིས་ངན་པའི་ཤུགས་རྐྱེན་ཐེབས་པས་རོགས་སྐྱོབ་ཚོགས་པ་དོན་རྐྱེན་བྱུང་ཡུལ་དུ་ཧུར་ཐག་གིས་བསྐྱོད་བཞིན་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་ཙུང་ཐུང་དང་མཉམ་དུ་སྐྱོད་མཁན་ཐད་འཕུར་གནམ་གྲུ་གསུམ་ཡོད་པ་དེའི་ནང་གནམ་གྲུ་གཞན་པ་གཉིས་བདེ་འཇགས་ངང་དམིགས་སར་འབྱོར་ཡོད་པ་རེད།
༄༅།། གདོང་གཏུག་འདིའི་ཁྲོད་མི་35456རྐྱེན་ལམ་དུ་ཤོར་འདུག  
     ས་གནས་དེ་གའི་དུས་ཚོད་ཚེས་18ཉིན། ཀཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས། འདས་ཟིན་པའི་ཉིན་གཅིག་གི་ནང་དབྱི་སི་རལ་དམག་དཔུང་གིས་ཀཱ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཁྲོད་ཀཱ་ཧྲ་ས་ཁུལ་གྱི་དམངས་ཚོགས་70རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་110ལ་རྨས་ཕོག་ཡོད་ཅེས་བཤད། 
     སྡེ་ཁག་དེས་ཉེ་ལམ་རྐྱེན་ལམ་དུ་ཤོར་བ་དང་རྨས་ཕོག་པའི་མི་མང་པོ་ཞིག་རོའི་འོག་ཏུ་ཚུད་པས་ཀཱ་ཧྲའི་སྨན་བཅོས་མྱུར་སྐྱོབ་དང་དམངས་སྲུང་མི་སྣས་རོགས་སྐྱོབ་བྱེད་ཁག་པོ་འདུག་ཅེས་བཤད་པ་རེད། 
     ན་ནིང་ཟླ་10ཚེས་7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་གཏུག་ཐོན་པ་ནས་བཟུང་། ཀཱ་ཧྲ་ས་ཁུལ་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་35456ཟིན་པ་དང་། རྨས་མ་མི་གྲངས་79476ཟིན་ཡོད་པ་རེད།