འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་20ཉིན།

༄༅།།ཨ་རིའི་དམག་འདི་ནས་ཕྱིར་འཐེན་བྱེད་འགོ་བརྩམས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་20ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་19ཉིན། ཨ་རིའི་རྒྱལ་སྲུང་པུའུ་དང་ནི་ཀྲེར་གྱི་རྒྱལ་སྲུང་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་མཉམ་འབྲེལ་གསལ་བསྒྲགས་ལ་གཞིགས་ན། ཨ་རིའི་རྒྱལ་སྲུང་པུའུ་དང་ནི་ཀྲེར་རྒྱལ་སྲུང་པུའུ་ཡིས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བཞག་ཟིན་པ་དང་། ཨ་རིའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་ལས་དོན་མིག་སྔར་འགོ་ཚུགས་ཟིན་པ་དང་། ཨ་རི་དང་ནི་ཀྲེར་ཕྱོགས་གཉིས་པོས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་ལས་དོན་ཕྱི་ཤོས་སུ་2024ལོའི་ཟླ་9ཚེས་15ཉིན་མཇུག་བསྒྲིལ་རྒྱུ་མོས་མཐུན་བྱས་པ་རེད།