འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་20ཉིན།

༄༅།།ཟླ་4པར་སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་དུས་མཚུངས་ལས་7%འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་20ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་4པར་སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་7412ཟིན་པ་དེ་དུས་མཚུངས་ལས་7%འཕར་ཡོད་པ་རེད།
   ཟླ་4པར་ཐོན་ལས་དབྱེ་ནས་བལྟས་ཚེ། ཐོན་ལས་དང་པོས་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་96ཟིན་པ་དེ་དུས་མཚུངས་ལས་10.5%འཕར་བ་དང་། ཐོན་ལས་གཉིས་པས་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5171ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ། ཐོན་ལས་གསུམ་པས་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1270ཟིན་པ་དེ་དུས་མཚུངས་ལས་10.8%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་འཚོ་བར་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་875ཟིན་པ་དེ་དུས་མཚུངས་ལས་5.9%འཕར་བ་བཅས་རེད།
    ཟླ་1པོ་ནས་4པ་བར། རིམ་རྩིས་བྱས་ན། སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་30772ཟིན་པ་དེ་དུས་མཚུངས་ལས་9%འཕར་བའི་ཁྲོད་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱིས་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་29329ཟིན་གྱི་ཡོད་པ་རེད།