འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་21ཉིན།

༄༅།།རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་ཉིན་མོ། པེ་ཅིང་དུ་ཡོད་པའི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་18ཉིན། 12:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   

  
    2024ལོའི་ཟླ་5ཚེས་18ཉིན་ནི་རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོ་ཨང་48པ་དེ་རེད། མི་དམངས་དྲ་བའི་གསར་འགོད་པ་དང་མཉམ་དུ་པེ་ཅིང་དུ་ཡོད་པའི་བོད་ལྗོངས་བརྗོད་གཞི་བྱས་པའི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་བལྟ་བར་འགྲོ། 
   2010ལོའི་ཟླ་3ཚེས་28ཉིན། དངོས་སུ་སྒོ་འབྱེད་པ་ནས་བཟུང་། བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་ཡུལ་སྐོར་བ་དང་མཁས་དབང་གྲངས་མེད་ཀྱི་ཡིད་དབང་བཀུག་ཡོད། བཤམས་མཛོད་ཁང་དུ་བོད་ཀྱི་ལོ་རྒྱུས་རིག་གནས་འགྲེམས་སྟོན་བྱས་ཡོད་པ་མ་ཟད། དེ་ནི་བོད་ལྗོངས་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་རེད།
    མིག་སྔར། བཤམས་མཛོད་ཁང་དུ“བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་སྐོར་གྱི་འགྲེམས་སྟོན”དང་། “བླ་ན་མེད་པའི་མཛད་རྗེས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དམིགས་བསལ་འགྲེམས་སྟོན” “དཔྱིད་དཔལ་རབ་བཞད་སྟོན་འབྲས་ཚར་དུ་དངར་ཞེས་པའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་གྲུབ་འབྲས་འགྲེམས་སྟོན།”སོགས་ཡོད་པ་མ་ཟད། ད་དུང་“རྫོང་རིའི་དུང་བརྡ་-བོད་ལྗོངས་རྒྱང་རྩེར་དབྱིན་ཇིའི་བཙན་འཛུལ་འགོག་པའི་དམག་འཐབ་བྱས་ནས་ལོ་120འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན།”གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་པས། དགའ་ཞེན་ཡོད་པའི་གྲོགས་པོ་ཚོ་ཕེབས་བསུ་ཞུ།