༄༅།།ཨ་རིས་རྒྱལ་ཁབ་འདིར་མུ་མཐུད་མཚོན་ཆ་སྐྱེལ་རྒྱུ་རེད།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་17ཉིན། 16:06】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་16ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་མོས་མཐུན་འདེམས་ཤོག་224དང་མོས་མཐུན་མེད་པའི་འདེམས་ཤོག་187གི་འདེམས་ཤོག་འཕེན་འབྲས་ཐོག་ནས། ཙུང་ཐུང་པའེ་ཏེང་ལ་གནོན་ཤུགས་སྤྲོད་པའི་ཁྲིམས་གཞི་ཞིག་ལ་གྲོས་འཆམ་བྱས་ཏེ། དབྱི་སི་རལ་ལ་མུ་མཐུད་མཚོན་ཆ་སྐྱེལ་འདྲེན་བྱེད་རྒྱུའི་བླང་བྱ་བཏོན་པ་རེད། ཁྲིམས་གཞི་དེ་ནི་ “དབྱི་སི་རལ་གྱིས་ལཱ་ཧྥ་ལ་ཕར་རྒོལ་བྱས་ཚེ་ཨ་རིས་དབྱི་སི་རལ་ལ་མཁོ་འདོན་བྱས་པའི་ཕར་རྒོལ་རང་བཞིན་གྱི་མཚོན་ཆ་ཁག་གཅིག་བཀག་ཉར་བྱ་རྒྱུ་”ཞེས་པའེ་ཏེང་གིས་བཤད་རྗེས་བཏོན་པ་ཞིག་རེད།
ཕོ་བྲང་དཀར་པོས་དེའི་གོང་ལ་ཁྲིམས་གཞི་དེར་གྲོས་འཆམ་བྱས་ཀྱང་། པའེ་ཏེང་གིས་ཁས་མི་ལེན་པའི་དབང་ཆ་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད།
གཞན་ཡང་《རྒྱལ་ཚོགས་རི་བོའི་ཚགས་པར་》ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། གྲོས་ཁང་འོག་མའི་ཁྲིམས་གཞི་དེར་གྲོས་འཆམ་བྱུང་ཡང་། སྔོན་དཔག་བྱས་ན་དམངས་གཙོ་ཏང་གིས་ཚོད་འཛིན་བྱེད་པའི་གྲོས་ཁང་གོང་མའི་ནང་འཕེལ་རྒྱས་གང་ཡང་ཡོང་མི་སྲིད།