༄༅།།ཁོང་གིས་ཙུང་ཐུང་གི་འགན་འཁུར་དམ་བཅའ་བཞག
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་17ཉིན། 16:06】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་15ཉིན་གྱི་དགོང་མོར། ཧོང་ཞུན་ཚའེ་ཡིས་སིང་ཀ་ཕོར་གྱི་ཙུང་ཐུང་ལས་ཤག་ཏུ་འགན་བཞེས་རྒྱུའི་དམ་བཅའ་བཞག་ནས། སིང་ཀ་ཕོར་གྱི་ཙུང་ལིའི་འགན་འཁྲི་འཁུར་མི་བཞི་པ་རེད།
ཧོང་ཞུན་ཚའེ་ཡིས་འགན་བཞེས་རྒྱུའི་དམ་བཅའ་བཞག་རྗེས་གཏམ་བཤད་སྤེལ་ནས། ཁོང་གིས་འགོ་ཁྲིད་པའི་ཚོགས་པས་“མུ་མཐུད་བློ་ཁོག་ཆེན་པོས་བསམ་ཚོད་བྱ་རྒྱུ་མ་ཟད། ཕུགས་ལ་བསམ་གཞིག་ཀྱང་བྱ་རྒྱུ་ཡིན་”ཞེས་བཤད་པ་རེད། ཁོང་གིས། སིང་ཀ་ཕོར་གྱིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་ཁེ་དབང་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་སུ་ཕྱོགས་ཁག་དང་མཛའ་གྲོགས་མཉམ་གནས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད། སིང་ཀ་ཕོར་གྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་དང་། དེ་བཞིན་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ས་ཁོངས་མཉམ་ལས་དང་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱེད་པར་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་བཤད།
སིང་ཀ་ཕོར་གྱི་ནང་བློན་ཁང་གསར་པས་ཀྱང་ཉིན་དེའི་དགོང་མོར་འགན་བཞེས་རྒྱུའི་དམ་བཅའ་བཞག་པ་རེད། ཙུང་ལི་ཟུར་པ་ལི་ཞན་ལུང་གིས་རྒྱལ་དོན་སྲིད་དོན་ལས་ཞུགས་ཀྱི་འགན་འཁུར་བ་དང་། ཡན་ཅིན་ཡུང་གིས་ཙུང་ལི་གཞོན་པའི་འགན་འཁུར་བ་རེད།
ཧོང་ཞུན་ཚའེ་ད་ལོ་ལོ་51ལ་སླེབས་པ་དང་། དེ་སྔ་སིང་ཀ་ཕོར་གྱི་རྒྱལ་སྲུང་དང་། འཕྲིན་གཏོང་། གསར་འགྱུར། རིག་གནས། རྒྱལ་ཁབ་འཕེལ་རྒྱས། སློབ་གསོ། ནོར་སྲིད་སོགས་སྡེ་ཁག་ཏུ་ལས་འགན་འཁུར་མྱོང་ཡོད། 2022ལོར་ཁོང་སྲིད་སྐྱོང་ཏང་མི་དམངས་བྱ་སྤྱོད་ཏང་གི་འགོ་ཁྲིད་ཚོགས་པ་རབས་བཞི་པའི་འགོ་ཁྲིད་པར་བདམས་པ་རེད།
