༄༅།།ཡུག་རེན་འདི་ནས་ཕྱིར་འཐེན་བྱ་རྒྱུ་རེད།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་17ཉིན། 08:53】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཡུག་རེན་གྱི་ཙུང་ཐུང་དྲ་ཚིགས་ཐོག་ས་གནས་དེ་གའི་དུས་ཚོད་ཚེས་15ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་ཉིན་དེར་ཡུག་རེན་རང་བཙན་རྒྱལ་ཁབ་མཉམ་འབྲེལ་སྒྲིག་གཞིའི་(རང་བཙན་མཉམ་འབྲེལ་སྒྲིག་གཞི་)རྒྱལ་ཁབ་ནས་ཕྱིར་འཐེན་བྱ་རྒྱུའི་གཏན་འབེབས་མང་པོའི་བཀའ་ཁྲིམས་ལ་མིང་རྟགས་བཀོད་པ་རེད།
1996ལོའི་ཟླ་1ཚེས་19ཉིན། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་གྲོས་འཆམ་བྱུང་བའི་རང་བཙན་མཉམ་འབྲེལ་སྒྲིག་གཞིའི་ཁོངས་མིའི་རྒྱལ་ཁབ་ཀྱི་ནང་སྲིད་པུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱི་གཏན་འབེབས་དང་། 2009ལོའི་ཟླ་10ཚེས་9ཉིན། ཏུའོ་ཝའི་རྒྱལ་ས་ཅི་ཞི་ནེ་ཝུའུ་རུ་གྲོས་འཆམ་བྱུང་བའི་《རང་བཙན་རྒྱལ་ཁབ་མཉམ་འབྲེལ་སྒྲིག་གཞིའི་ནང་སྲིད་པུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱི་སྲོལ་ཡིག་》བཟོ་བཅོས་དང་ཁ་གསབ་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་དང་། 2011ལོའི་ཟླ་9ཚེས་3ཉིན། ཐ་ཇིག་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེར་གྲོས་འཆམ་བྱུང་བའི་《རང་བཙན་རྒྱལ་ཁབ་མཉམ་འབྲེལ་སྒྲིག་གཞིའི་ནང་སྲིད་པུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱི་སྲོལ་ཡིག་》བཟོ་བཅོས་དང་ཁ་གསབ་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་བཅས་ཚུད་ཡོད།