འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་17ཉིན།

༄༅།།རྒྱ་མཚོར་བཙོག་ཆུ་ཏུན་7800ཕྱིར་འབུད་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་17ཉིན། 08:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཚེས་15ཉིན། ལྗར་པན་ཐོ་ཁེའོ་གློག་ཤུགས་ཀུང་སིས་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་རེས་སྐོར་དྲུག་པའི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་རྒྱུ་དེ་ཟླ་འདིའི་ཚེས་17ཉིན་ནས་ཟླ་6ཚེས་4ཉིན་བར་རྒྱུན་མཐུད་བྱ་རྒྱུ་དང་། ཉིང་རྡུལ་བཙོག་ཆུ་ཏུན་7800ཙམ་འབུད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། 
     ཐོ་ཁེའོ་གློག་ཤུགས་ཀུང་སིས་ད་ལོའི་ཟླ་དང་པོར་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལས་མངོན་གསལ་དུ། 2024ནོར་སྲིད་ལོ་འཁོར་དུ་ཉིང་རྡུལ་བཙོག་ཆུ་ཏུན་54600ཙམ་ཐེངས་7ལ་བགོས་ནས་ཕྱིར་འབུད་བྱ་རྒྱུ་ཡིན་པ་རེད།