༄༅།།ཀུའུ་ཐེ་ལེ་སི་དོན་འདིར་ཧང་སངས་ཡོད།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་17ཉིན། 08:50】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་14ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ཡིས་མགྲིན་ཚབ་པ་ཏི་ཡ་ལི་ཁེ་བརྒྱུད་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཀཱ་ཟ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་ལ་དམིགས་པའི་དམག་དོན་བྱ་སྤྱོད་རིམ་སྤོར་བྱས་པར“ཧང་སངས་པའི”རྣམ་འགྱུར་བསྟན་པ་རེད།
གསལ་བསྒྲགས་ནང་། དམག་དོན་བྱ་སྤྱོད་རིམ་སྤོར་བྱས་པ་དེས་མི་ཆོས་རོགས་སྐྱོབ་ནང་ཞུགས་རྒྱུར་སྔར་ལས་འགོག་རྐྱེན་བཟོས་ནས། ཛ་དྲག་ཏུ་གྱུར་ཟིན་པའི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།
གསལ་བསྒྲགས་ནང་། མི་སེར་ལ་ངེས་པར་དུ་སྲུང་སྐྱོབ་ཐོབ་དགོས་ཞེས་འཁོད་ཡོད། ཀཱ་ཟ་ས་ཁུལ་གྱི་མི་སེར་གྱི་ངོས་ནས་བརྗོད་ན། ཉེ་ལམ་བདེ་འཇགས་ཀྱི་སྡོད་གནས་མེད། ཀུའུ་ཐེ་ལེ་སི་ཡིས་མི་ཆོས་རིང་ལུགས་ཀྱི་དམག་འཁྲུག་འཕྲལ་མར་མཚམས་འཇོག་རྒྱུ་དང་། བཀག་ཉར་བྱས་པའི་མི་སྣ་ཚང་མ་འཕྲལ་མར་གློད་འགྲོལ་གཏོང་རྒྱུ། ལཱ་ཧྥ་ཡི་མཐའ་མཚམས་འགག་སྒོ་འཕྲལ་མར་སླར་ཡང་སྒོ་ཕྱེ་ནས། མི་ཆོས་ཀྱི་རོགས་སྐྱོར་བདེ་བླག་ངང་ཀཱ་ཟ་ས་ཁུལ་དུ་ཡོང་ཐུབ་པའི་རེ་འབོད་སླར་ཡང་བྱས་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ལཱ་ཧྥའི་དམག་འཁྲུག་ཁྲོད་ཕ་ལེ་སི་ཐན་པ་ཁྲི་45ཙམ་ལཱ་ཧྥར་བྲོལ་བྱོལ་བྱས་ཡོད་ཅེས་བཤད་པ་རེད།