༄༅།།སྲོག་ཆཊ་གླིང་གི་བྱང་ཤར་སྟག་20ཤི་བའི་ཐད་བཤད་དོན།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་15ཉིན། 15:10】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉེ་ཆར། ཨན་ཧུའེ་ཡི“ཧྥུའུ་དབྱང་རི་སྐྱེས་སྲོག་ཆགས་གླིང་དུ་བྱང་ཤར་སྟག་20ཤི་བའི”ཐད་དོ་ཁུར་ཆེན་པོ་བྱུང་བ་དང་། ས་གནས་དེ་གས་བརྟག་དཔྱད་ཚོ་ཆུང་བཙུགས་ནས་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་པ་རེད། ས་གནས་དེ་གའི་ནགས་ལས་སྡེ་ཁག་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཧྥུའུ དབྱང་རི་སྐྱེས་སྲོག་ཆགས་གླིང་དུ་ཡོད་པའི་བྱང་ཤར་སྟག་ནི་ཧྥུའུ་དབྱང་ཐེང་ཧྥེ་འདུལ་གསོ་འགྲེམས་སྟོན་ཚད་ཡོད་འགན་འཁྲི་ཀུང་སི་ནས་བོགས་མར་བཏང་བ་རེད། བོགས་མར་བཏང་ནས་ཡོང་བའི་བྱང་ཤར་སྟག་གིས་སྟག་ཕྲུག་11བཙས་པ་དང་དེའི་ནང་གཅིག་ལས་གསོན་མེད་པ་རེད།
2019ལོ་ནས་ད་བར། ཧྥུའུ་དབྱང་རི་སྐྱེས་སྲོག་ཆགས་གླིང་དུ་བྱང་ཤར་སྟག་20ཤི་བའི་ནང་སྟག་དར་མ་10དང་སྟག་ཕྲུག་10ཡོད། མིག་སྔར་སྲོག་ཆགས་གླིང་དེར་བྱང་ཤར་སྟག་16ལས་ལྷག་མེད།
ཧྥུའུ་དབྱང་གྲོང་ཁྱེར་ཡིང་ཏུང་ཆུས་ནགས་ལས་ཅུས་ཀྱིས་2019ལོ་ནས་ད་བར་ཧྥུའུ་དབྱང་རི་སྐྱེས་སྲོག་ཆགས་གླིང་ལ་དག་ཐེར་བཅོས་སྒྲིག་གི་བརྡ་ཐོ་ཐེངས་5བཏང་བ་རེད།“དེའི་གསོ་སྤེལ་ཆ་རྐྱེན་དང་། གནས་ས། མི་སྣའི་བདག་སྐྱོང་གི་ཆུ་ཚད་བཅས་ལ་དག་ཐེར་བྱས། ང་ཚོས་བལྟས་ན་དེའི་གཟེབ་ཁང་ཅུང་ཆུང་ཡོད།”