འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་15ཉིན།

༄༅།།ཀྲུང་གོའི་སྤྱི་དམངས་བཟུང་བའི་ཐད་ལན་བསློཊ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་15ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་5ཚེས་14ཉིན། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་རྒྱུན་ལྡན་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས་ཉིན་ཤས་གོང་དབྱིན་ཇི་སྲིད་གཞུང་གིས་ཀྲུང་གོའི་སྤྱི་དམངས་བཟུང་བ་དང་ཁྲིམས་སྦྱོར་བྱས་པའི་སྐོར་ལ་དྲི་བ་བཏོན། 
     ཝང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཀྲུང་གོའི་སྤྱི་དམངས་བཟུང་བ་དང་འབྲེལ་ཞུ་གཏུག་བྱས་པར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དབྱིན་ཇི་ཕྱོགས་ཀྱིས་དབྱིན་ཇིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱ་རྒྱུའི་སྐུལ་ལྕག་ནན་མོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 
     དུས་སྐབས་ཤིག་རིང་། དབྱིན་ཇི་ཕྱོགས་ཀྱིས་“ཀྲུང་གོའི་གསང་མྱུལ་གྱོད་གཞི་”དང་ “ཀྲུང་གོའི་དྲ་རྒྱའི་ཕར་རྒོལ་དོན་རྐྱེན་”ཟེར་བ་སོགས་རྒྱུན་ཆད་མེད་པར་འུད་སྒྲོག་བྱེད་ཀྱི་ཡོད། སྐྱོན་འཛུགས་རབ་དང་རིམ་པ་དེ་དག་ནི་བསམ་ངན་བཅངས་ནས་དམའ་འབེབས་བྱེད་པ་ཞིག་ཡིན་པས་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད། ཁྲིམས་འཛིན་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ནས་ཆབ་སྲིད་ཀྱི་གཡོ་སྒྱུ་བྱེད་པའི་བྱེད་སྤྱོད་ཐ་ཤལ་དེ་རིགས་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།