༄༅།།གདོང་གཏུག་འདིའི་ཁྲོད་མི་ཁྲི་3.5རྐྱེན་ལམ་དུ་ཤོར་འདུག
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་14ཉིན། 15:40】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་12ཉིན། ཀཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་ནས་དབྱི་སི་རལ་གྱིས་ཀཱ་ཧྲ་ས་ཁུལ་ལ་མུ་མཐུད་འཇབ་རྒོལ་བྱས་པའི་ཁྲོད་ཕ་ལེ་སི་ཐན་བ་ཁྲི་3.5ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད་ཚུལ་བཤད་པ་རེད།
ཀཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས། འདས་ཟིན་པའི་ཉིན་གཅིག་ལ་ཀཱ་ཧྲ་ས་ཁུལ་དུ་དབྱི་སི་རལ་དམག་དཔུང་གིས་དམག་དོན་བྱ་སྤྱོད་སྤེལ་བའི་ཁྲོད་ཕ་ལེ་སི་ཐན་བ་63རྐྱེན་ལམ་དུ་ཤོར་བ་དང་། མི་114ལ་རྨས་ཕོག་ཡོད་ལུགས་བཤད་པ་རེད། ན་ནིང་ཟླ་10ཚེས་7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གཞི་ཁྱོན་ཆེ་བའི་དྲག་པོའི་གདོང་གཏུག་ཐོན་པ་ནས་བཟུང་། ཀཱ་ཧྲ་ས་ཁུལ་དུ་ཕ་ལེ་སི་ཐན་བ་35034རྐྱེན་ལམ་དུ་ཤོར་བ་དང་མི་78755ལ་རྨས་ཕོག་ཡོད་པ་རེད།