༄༅།།ད་ལོའི་སྣུམ་གོང་ཆག་ཚད་ཆེ་ཤོས་སུ་སླེབས་རྒྱུ་རེད།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་14ཉིན། 13:52】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ད་ལོའི་སྣུམ་གོང་ཆག་ཚད་ཆེ་ཤོས་ཐོན་རྒྱུ་རེད། ད་ཆ་རྒྱལ་ནང་གི་སྣུམ་གོང་དུས་འཁོར་བསྡོམས་རྩིས་བརྒྱབ་ནས་ལས་ཞག་7པར་སླེབས་ཡོད་པ་དང་། སྣུམ་གོང་རིམ་བརྩིས་བརྒྱབ་ན་ཏུན་རེར་སྒོར་200རུ་ཆག་ཡོད་པ་དང་། སྔོན་དཔག་བྱས་ན་གཟའ་ལྷག་པའི་དགོང་མོའི་ཆུ་ཚོད་12ཐོག རྒྱལ་ནང་གི་སྣུམ་གོང་བསྟུད་མར་ཆག་ཐེངས་གཉིས་བྱ་རྒྱུ་ཡིན་པ་རེད།
ཟླ་5ཚེས་12ཉིན། རྒྱལ་ནང་གི་ལས་ཞག་7པར་མ་བཅོས་རྡོ་སྣུམ་འགྱུར་ལྡོག་འགྲོ་ཚད4.64%ཟིན་ནས། རླངས་སྣུམ་དང་ཁྲའེ་སྣུམ་ཏུན་རེར་སྒོར་200རུ་ཆག་ནས། ཧྲེང་རེར་སྒོར་0.15ནས་0.17ཆག་པར་བརྩིས་ན། སྣུམ་སྒམ་གང་བླུགས་ཚེ་སྒོར་7.5ནས་8.5བར་གྲོན་ཆུང་ཐུབ་རྒྱུ་རེད།