༄༅།།གནས་འདིར་ཆང་བཙོང་མི་ཆོག་པའི་བཀའ་རྒྱ་ཁྱབ་བསྒྲཊ་བྱས།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་13ཉིན། 14:15】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་སྨྱན་སྦྱོར་ཏུ་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་10ཉིན་སི་ཕེན་གྱི་ཡུལ་སྐོར་གནས་མཆོག་མཱ་ལུའེ་ཁ་གླིང་ཕྲན་དང་དབྱི་པི་ས་གླིང་ཕྲན་དུ་ཆང་རག་བཀག་སྡོམ་གྱི་བཀའ་རྒྱ་ཞིག་ཁྱབ་བསྒྲགས་བྱས་ནས། དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ནས་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་བར་ཨ་རག་ཉིང་ཁུའི་བཏུང་བྱ་ཁྱོན་ཡོངས་ནས་བཙོང་མི་ཆོག་པ་རེད། གཞན་ཡང་། ཡུལ་སྐོར་མཛེས་ལྗོངས་ཁག་གཅིག་གི་ཉེ་འགྲམ་དུ་སྤྲོ་ཚོགས་བྱེད་མཁན་གྲུ་གཟིངས་འགྲུལ་བཞུད་དང་མཚོ་འགྲུལ་བྱེད་མི་ཆོག་པ་རེད།
ས་གནས་དེ་གའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས། བཀའ་རྒྱ་དེ་ཁྱབ་བསྒྲགས་བྱེད་དོན་ནི་ཆང་རག་འཐུང་བའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ་དང་། ཡུལ་སྐོར་གྱི་མྱོང་བ་ཆེ་རུ་གཏོང་ཆེད་ཡིན་ཞེས་བཤད། བཀའ་རྒྱ་འདི་སྔོན་དཔག་བྱས་ན་2027ལོའི་ལོ་མཇུག་བར་ལག་བསྟར་བྱ་རྒྱུ་རེད།