འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་13ཉིན།

༄༅།།གཞུང་ལམ་གྱི་གནད་དོན་ཐེར་འདོན་བྱས་ན་བྱ་དགའ་སྒོར་ཁྲི་30ཡོད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་13ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   སི་ཁྲོན་ཞིང་ཆེན་གྱི་གཞུང་ལམ་དང་ཆུ་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་མངོན་མེད་དོན་རྐྱེན་ཚབས་ཆེན་དང་ཉེན་མེད་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱས་ན་བྱ་དགའ་མཐོ་ཤོས་30Wཐོབ་ཐུབ། 
གནད་དོན་ཤེས་ན་གང་འདྲ་བྱས་ནས་ཐེར་འདོན་བྱེད་དགོས། 《སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཉེན་མེད་ཐོན་སྐྱེད་ཐེར་འདོན་བྱ་དགའ་སྤྲོད་པའི་དོ་དམ་(ཚོད་ལྟ་)》བྱེད་ཐབས་ཀྱི་གསལ་བཤད། 
   ཐེར་འདོན་བྱེད་ཁོངས་དང་ངོས་འཛིན་པའི་ཚད་གཞི། 
   ཐེར་འདོན་བྱེད་ཁོངས། སི་ཁྲོན་ཞིང་ཆེན་གྱི་གཞུང་ལམ་དང་ཆུ་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ཁོངས་ཀྱི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་དང་ཉེན་མེད་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད། 
ཉེན་མེད་ཐོན་སྐྱེད་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ནི། འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཁྱབ་བསྒྲགས་བྱས་པའི་ལས་རིགས་ཀྱི་ཁྱབ་ཁོངས་ཁག་གི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཁྲུན་གཅོད་ཀྱི་ཚད་གཞི་ལྟར་ངོས་འཛིན་དགོས། 
ཉེན་མེད་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད།《སི་ཁྲོན་ཞིང་ཆེན་གྱི་ཉེན་མེད་ཐོན་སྐྱེད་ཀྱི་ཐེར་འདོན་བྱ་དགའ་སྤྲོད་ཐབས་》(སི་ཁྲོན་ཞིང་ཆེན་ཉེན་མེད་ཨུ་ལྷན་གྱི་〔2021〕ལོའི་ཡིག་ཨང་13པའི་)ནང་གཏན་འབེབས་བྱས་པའི་རྩ་དོན་ལྟར་ངོས་འཛིན་དགོས། 
མཆན། ཐེར་འདོན་གྱི་ནང་དོན་དུ་ཐེར་འདོན་བྱ་ཡུལ་ཁ་གསལ་དང་། དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་གནོད་སྐྱོན། ཉེན་མེད་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་སོགས་ཀྱི་ནང་དོན་ཚུད་དགོས། 
   ཐིང་རིམ་པའི་ཐེར་འདོན་བདག་སྤྲོད།  
   བདག་སྤྲོད་ཀྱི་རྩ་དོན། 
   རིམ་པ་རེ་རེ་བཞིན་ཐེར་འདོན་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་བདག་སྤྲོད་བྱེད་ཁོངས་ནི་ཞིང་ཆེན་རིམ་པའི་ཐད་ཀའི་དོ་དམ་བྱེད་ཁོངས་སམ་ཡང་ན་ཞིང་ཆེན་རིམ་པའི་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱེད་དགོས་པའི་སི་ཁྲོན་ཞིང་ཆེན་གྱི་གཞུང་ལམ་ཆུ་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་དང་ཉེན་མེད་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་དགོས་པའི་དོན་ཚན་ཡིན་པ་རེད།
   དངོས་མིང་ཐོག་ནས་ཐེར་འདོན་བྱས་རིགས་འོག་རིམ་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཚན་གྱིས་བདག་སྤྲོད་བྱས་ཁོངས་སུ་གཏོགས་ན། ཐིང་ལས་ཁུངས་ཀྱི་འབྲེལ་ཡོད་ཁྲུའུ་དང་ཁང་གིས་ཐེར་འདོན་བྱེད་མཁན་ལ་འོག་རིམ་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཚན་ལ་ཐེར་འདོན་བྱ་རྒྱུའི་བརྡ་སྦྱོར་དང་ཁྲིད་སྟོན་བྱ་རྒྱུའམ་ཡང་ན་ཐེར་འདོན་དཔྱད་ཡིག་འོག་རིམ་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཁག་ལ་སྐྱེལ་དགོས་པ་མ་ཟད། བྱེད་ཐབས་འཚམ་པོར་སྤྱད་དེ་ཐེར་འདོན་བྱེད་མཁན་ལ་བརྡ་སྦྱོར་བྱེད་དགོས།
   བདག་སྤྲོད་བྱེད་ཡུན། 
   ཐབས་ལམ་ཁག་བརྒྱུད་དེ་འབྱོར་བའི་ཐེར་འདོན་བྱས་རིགས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་བདག་སྤྲོད་བྱེད་མིན་དུས་ཐོག་ཏུ་ཐག་གཅོད་དགོས། ཐེར་འདོན་བྱས་རིགས་བདག་སྤྲོད་བྱས་ནས་ཐག་གཅོད་པའི་དུས་ཡུན་ཉིན་60ཡིན་པ་དང་། གནས་ཚུལ་རྙོག་འཛིང་ཆེ་བའི་དབང་གིས་ནར་འགྱངས་དགོས་རིགས་མང་ཤོས་ཉིན་30ལས་བརྒལ་མི་ཆོག དངོས་མིང་ཐོག་ནས་ཐེར་འདོན་བྱས་རིགས་བདག་སྤྲོད་མི་བྱེད་ན། བདག་སྤྲོད་མི་བྱེད་པའི་རྒྱུ་མཚན་གང་ཡིན་ཐེར་འདོན་བྱེད་མཁན་ལ་བརྡ་འབྱོར་བྱེད་དགོས། 
   ཐིང་རིམ་པར་ཐེར་འདོན་བྱེད་སྟངས། 
ཁ་པར་ཐོག་ནས་ཐེར་འདོན་བྱེད་ན། “12328”ཐད་སྦྲེལ་ཁ་པར་ལ་ཁ་པར་གཏོང་དགོས། 
   ཡིག་བསྐུར་དང་ངོ་བཅར། 
   ས་གནས། ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་མཆོད་ཁང་ཁྲོམ་གཞུང་ཨང་180པ། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཉེན་མེད་ལྟ་སྐུལ་ཁང་། 
   སྦྲག་ཨང་། 610041 
   མཆན། ཡི་གེ་བསྐུར་ན་“ཉེན་མེད་ཐོན་སྐྱེད་ཐེར་འདོན་”ཞེས་གསལ་པོར་འགོད་རོགས། 
   གློག་རྡུལ་སྦྲག་ཡིག་གི་ཐེར་འདོན་ཡིག་སྒམ། scjtajcjb@163.com 
   མཆན། སྦྲག་རྫས་ཐོག་“ཉེན་མེད་ཐོན་སྐྱེད་ཐེར་འདོན་”ཞེས་གསལ་པོར་འགོད་རོགས། 
   གཞུང་ཕྱོགས་དྲ་ཚིགས་ཐོག་ཐེར་འདོན་བྱེད་ན། http://jtt.sc.gov.cn/jtt/c101592/slxz.shtmlཡིན་པའམ་ཡང་ན་གཞུང་ཕྱོགས་དྲ་ཚིགས་ཀྱི་ཤོག་ངོས་དང་པོའི་ཐོག་“མཉམ་འགུལ་སྤེལ་རེས་”ལེ་ཚན་འོག་གི་“ཐིང་ཀྲང་གི་ཡིག་སྒམ་དང་བློ་འདྲི་ཞུ་གཏུག་”བརྒྱུད་ཐེར་འདོན་བྱ་རྒྱུ་དང་། ལན་འཇོག་སྐབས་“ཉེན་མེད་ཐོན་སྐྱེད་ཐེར་འདོན་”ཞེས་གསལ་པོར་འགོད་རོགས།
   ཐིང་རིམ་པའི་ཐེར་འདོན་བྱ་དགའ།  
   བྱ་དགའི་ཚད་གཞི། 
   ཞིབ་བཤེར་ཞིབ་དཔྱད་དོན་དངོས་ཡིན་པའི་ཐེར་འདོན་བྱས་རིགས་ལ་གཏན་འབེབས་ལྟར་བྱ་དགའ་སྒོར་1000ནས་སྒོར་ཁྲི་30བར་སྤྲོད་རྒྱུ། ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་གྱི་ལས་གཉེར་མི་སྣས་(དེའི་ཁྱིམ་མི་ཚུད་)གནས་སའི་སྡེ་ཚན་ཐེར་འདོན་བྱས་ན། བྱ་དགའི་དངུལ་གྲངས་10%སྤོར་དགོས། བྱ་དགའ་སྤྲོད་པའི་དངུལ་གྲངས་མཐོ་ཤོས་སྒོར་ཁྲི་30ལས་བརྒལ་མི་ཆོག ཐེར་འདོན་བྱེད་མཁན་ཉེན་མེད་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འཁུར་བའི་ལས་བྱེད་མི་སྣ་དང་དེའི་ཐད་ཀའི་གཉེན་ཉེའི་ཁོངས་སུ་གཏོགས་རིགས་བྱ་དགའ་སྤྲོད་ཁོངས་སུ་ཚུད་མེད།