༄༅།།ཨ་རིའི་དམག་གྲུ་མཐར་སྤྲོད་བྱེད་པའི་ཡུལ་དངོས།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་11ཉིན། 15:14】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ལྷོ་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་མཁའ་དམག་ཏ་ཞའོ་ཐེན་ཅུན་ལི་ཡིས་བསྟན་དོན། ཟླ་5ཚེས་10ཉིན། ཨ་རིའི་འཕུར་མདེལ་མཐར་སྐྲོད་དམག་གྲུ་“ཧར་ཤི་”རྟགས་ཅན་ཀྲུང་གོའི་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་ཁྲིམས་འགལ་ངང་ཀྲུང་གོའི་ཞི་ཧྲ་མཚོ་ཁོངས་སུ་འཛུལ་ཞིང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་འཐབ་ཁུལ་གྱིས་མཚོ་ཐོག་དང་མཁའ་ཐོག་གི་དམག་ཤུགས་སྒྲིག་འཛུགས་བྱས་ནས། ཁྲིམས་དང་སྒྲིག་སྲོལ་ལྟར་རྗེས་འདེད་ལྟ་ཞིབ་བྱས་པ་མ་ཟད་ཐ་ཚིག་བསྒྲགས། ཨ་རི་ཕྱོགས་ཀྱི་བྱ་སྤྱོད་ཀྱིས་ཀྲུང་གོའི་བདག་དབང་དང་བདེ་འཇགས་ལ་བཙན་གནོད་ཚབས་ཆེན་བྱས་ཤིང་། དེ་ནི“མཚོ་འགྲུལ་བཙན་དབང”ཆེན་པོ་བྱེད་པ་དང་། “ལྷོ་མཚོ་དམག་དོན་ཅན”དུ་བཟོ་པའི་དཔང་རྟགས་གཞན་ཞིག་ཡིན་པ་དང་། ཨ་རི་ནི“ལྷོ་མཚོའི་བདེ་འཇགས་ཉེན་ཁ་བཟོ་མཁན”དང་། ལྷོ་མཚོའི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་གཏོང་མཁན་ཆེ་ཤོས”ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། འཐབ་ཁུལ་གྱི་དཔུང་སྡེ་ཡིས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཚད་མཐོན་པོ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ལྷོ་མཚོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན།