༄༅།།འདི་རུ་HPVརིམས་འགོག་སྨན་ཁབ་བརྒྱབ་ཆོག
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་11ཉིན། 15:12】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
བུད་མེད་ཀྱི་བདེ་ཐང་ལ་གཅེས་སྐྱོང་བྱ་ཆེད། བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ། ད་ལྟ་རིན་བཞིའི་HPVརིམས་འགོག་སྨན་ཁབ་སྔོན་མངག་བྱ་མི་དགོས་པར། ཐད་ཀར་འགོག་ཁབ་བརྒྱབ་ཆོག དགོས་མཁོ་ཡོད་པའི་སྡོད་དམངས་འདི་གར་ཕེབས་ནས་འགོག་ཁབ་བསྐྱོན་རོགས། མཛའ་བརྩེའི་དྲན་སྐུལ། འགོག་ཁབ་མ་བརྒྱབ་གོང་ལ་འོག་གི་འབྲེལ་གཏུག་ཁ་པར་ལ་ཁ་པར་བཏང་ནས་བློ་འདྲི་གནང་རོགས།
འབྲེལ་གཏུག་ཁ་པར་ནི། 0891-6573948 ས་གནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་དོན་གཅོད་ཁང་གི་འགྲམ་དུ་ཡོད།