༄༅།།ནང་འདྲེན་བྱེད་ཆོག་པའི་སྤྱི་བསྒྲགས་སྤེལ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་10ཉིན། 15:15】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་5ཚེས་8ཉིན། འགག་སྒོའི་སྤྱི་ཁྱབ་ཁང་གིས་སེར་ཝེ་ཡའི་འབྲུ་ཏ་ས་འཛིན་སྔོན་པོ་ནང་འདྲེན་བྱེད་པའི་རྩི་ཤིང་གི་ནད་ཡམས་ཞིབ་བཤེར་བླང་བྱའི་སྐོར་གྱི་སྤྱི་བསྒྲགས་སྤེལ་གསལ་དུ།
རང་རྒྱལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགག་སྒོའི་སྤྱི་ཁྱབ་ཁང་དང་སེར་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཞིང་ལས་དང་། ནགས་ལས། ཆུ་བེད་པུའི་གཏན་འབེབས་གཞིར་བཟུང་། སེར་ཝེ་ཡའི་འབྲུ་ཏ་ས་འཛིན་སྔོན་པོ་ཀྲུང་གོར་འདྲེན་རྒྱུའི་རྩི་ཤིང་གི་ནད་ཡམས་ཞིབ་བཤེར་བླང་བྱའི་སྐོར་གྱི་གཏན་འབེབས་གཞིར་བཟུང་། དེ་རིང་ནས་བཟུང་། གཤམ་གསལ་གྱི་འབྲེལ་ཡོད་བླང་བྱ་དང་མཐུན་པའི་སེར་ཝེ་ཡའི་འབྲུ་ཏ་ས་འཛིན་སྔོན་པོ་ནང་འདྲེན་བྱེད་ཆོག་པ་རེད།