འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་10ཉིན།

༄༅།།ཉེས་ཅན་365བཀག་ཉར་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་10ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ཚེས་7ཉིན་ཐུར་ཁེའི་ནང་སྲིད་པུའུ་ཀྲང་ཡེར་ལི་ཁ་ཡཱ་ཡིས་ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཡོངས་ཁྱབ་ཁོངས་ནང་གི་བྱ་སྤྱོད་ཅིག་སྤེལ་རིང་དུག་ཚོང་རྒྱག་པའི་དོགས་ཡོད་ཉེས་ཅན་365བཀག་ཉར་བྱས་པ་མ་ཟད། དུག་རྫས་སྤྱི་རྒྱ་217གཞུང་བཞེས་བཏང་ཡོད་ཅེས་བཤད་པ་རེད། 
    ཡེར་ལི་ཁ་ཡཱ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་དབྱི་སི་ཐན་པུར་དང་ཨན་ཁ་ལཱ་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན་52དུ་དུག་འགོག་བྱ་སྤྱོད་སྤེལ་ཞིང་། ཉེན་རྟོག་པ་2340དང་། གནམ་གྲུ་9 དེ་བཞིན་དུག་འགོག་དམག་ཁྱི་38བཅས་བཏང་ཡོད་ཅེས་བཤད། 
    དུས་ཡུན་རིང་པོའི་ནང་། ཐུར་ཁེའི་ས་ཁོངས་ནང་རྒྱལ་སྤྱིའི་དུག་རྫས་ལྐོག་འདྲེན་གྱི་གནད་དོན་ཚབས་ཆེ། 2023ལོའི་ཟླ་5པའི་འདེམས་བསྐོ་ཆེན་མོ་ནས་བཟུང་། ཐུར་ཁེ་སྲིད་གཞུང་གིས་དུག་ཚོང་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ཡོད།