༄༅།།ཉི་མའི་འོད་བཀྲ་དྲག་པོ་ཞིག་བྱུང་།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་10ཉིན། 13:31】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉི་མའི་འོད་བཀྲས་མང་ཚོགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སམ། གཞུང་ཕྱོགས་ཀྱི་ལན།
རྒྱལ་ཁབ་བར་སྣང་གནམ་གཤིས་ལྟ་ཞིབ་ཚད་ལེན་སྔོན་ཚུད་ཉེན་བརྡ་ལྟེ་གནས་ཀྱིས། ཉི་མའི་འོད་བཀྲའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། པེ་ཅིང་གི་དུས་ཚོད་2024ལོའི་ཟླ་5ཚེས་9ཉིན་གྱི་ཆུ་ཚོད་05དང་སྐར་མ་40ཡི་ཐོག ཉི་མའི་འོད་བཀྲ་དྲག་པོ་ཞིག་(X1.0རིམ་པ་) བྱུང་ཡོད། དོན་རྐྱེན་འདི་བྱུང་བའི་སྐབས་སུ་རང་རྒྱལ་ནི་ཞོགས་པའི་དུས་ཡིན་ཞིང་། རང་རྒྱལ་ས་ཁུལ་མཁའ་དབྱིངས་ཀྱི་གློག་གྱེས་བང་རིམ་ལ་ཐེབས་པའི་ཤུགས་རྐྱེན་ཅུང་ཆུང་། རྒྱལ་ཁབ་བར་སྣང་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་ལྟེ་གནས་ཀྱིས་དོན་རྐྱེན་འདི་ལ་རྗེས་སྙེགས་དམ་ཟབ་བྱས་ནས། སྔོན་བརྡ་དང་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས།