༄༅།།བོད་ཇ་དང་སྤོས། བོད་ཆས་སོགས་ཐེ་ལན་གྱི་མཐོ་སློབ་ཏུ་བསྐྱོད་པ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་10ཉིན། 13:29】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་5ཚེས་10ཉིན། ཀྲུང་གོ་རིག་གནས་དང་ཡུལ་སྐོར་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་“ཇ་དང་གནམ་འོག་གི་·ཡ་རབས་འདུས་མ་”ཞེས་པའི་རིག་གནས་དང་ཡུལ་སྐོར་སྤེལ་རེས་ཀྱི་བྱེད་སྒོ་ཞིག་ཚེས་9ཉིན་ཐེ་ལན་གྱི་ཀྲུའུ་ལ་ལུང་ཀུང་སློབ་ཆེན་དུ་གཉེར་བ་རེད།
ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་གོ་གནས་ཀྱི་བློ་འདོན་པ་ཁྲང་ཡུས་མེང་གིས་ཤིས་ཚིག་སྒྲོན་དུས། ཇའི་རིག་གནས་ནི་ཀྲུང་གོས་འཛམ་བུ་གླིང་དང་འབྲེལ་མཐུད་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་ཡིན་པས། “རྒྱལ་སྤྱིའི་ཇའི་ཉིན་མོ་”འཆར་ཉེའི་དུས་སུ། ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱིས་ཇའི་རིག་གནས་བརྒྱུད་དེ་ཕན་ཚུན་ཆ་རྒྱུས་ཆེ་རུ་གཏོང་རེ་ཡོད་པ་བསྟན་ཡོད།
བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་སྤེལ་རེས་མཉམ་ལས་ཁང་གི་འགོ་འཛིན་གཞོན་པ་ངག་དབང་ཚེ་རིང་གིས། བོད་ཇ་ཕུད་ “ཀྲུང་གོའི་བོད་ལྗོངས་ཀྱི་བཀྲ་ཤིས་བདེ་ལེགས་”འཐུས་མི་ཚོགས་པས། སྤོས་དང་བོད་ཀྱི་གྱོན་ཆས་སོགས་ཀྲུང་གོའི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་མིང་ཐོའི་ནང་ཚུད་པའི་སྲོལ་རྒྱུན་རིག་གནས་ཐོན་རྫས་འཁྱེར་ནས། ཐེ་ལན་ལས་རིགས་ཁག་གི་གྲོགས་པོ་ཚོ་བོད་ལ་ཡུལ་སྐོར་དུ་ཡོང་རེའི་མགྲོན་འབོད་རྒྱུ་དང་། བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག ཡིད་དབང་འཕྲོག་ཤུགས་སོགས་དངོས་སུ་མྱོང་རོལ་བྱེད་རེ་བསྟན།
ད་ཐེངས་ཀྱི་བྱེད་སྒོ་དེ་བོད་ཇ་དང་། སྤོས། བོད་ཆས། བོད་ལྗོངས་པར་རྒྱག་འགྲེམས་སྟོན་བཅས་ཁག་བཞི་རུ་དབྱེ་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་གཞི་རྟེན་དུ་བྱས་ཏེ་ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་ཀྱི་རིག་གནས་སྤེལ་རེས་ཀྱི་ཐབས་ལམ་གསར་པ་བཏོད་ཡོད། བྱེད་སྒོ་སྤེལ་འགོ་ཚུགས་རྗེས། བྱེད་སྒོར་ཞུགས་མཁན་ཀྲུང་གོ་དང་ཐེ་ལན་གྱི་ལྟད་མོ་བ་ལ་ལས་བོད་ཆས་གྱོན་ནས་བོད་ཀྱི་ཞབས་བྲོ་འཁྲབ་པ་མ་ཟད། ཀྲུང་གོའི་བོད་ལྗོངས་ཀྱི་རང་བྱུང་འཆམ་མཐུན་གྱི་མཛེས་ལྗོངས་མྱོང་རོལ་བྱས་པ་རེད།
