འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།བྱང་ཆིངས་ཀྱིས་བཟོས་པའི་ནག་ཉེས་འདི་བརྗེད་མི་སྲིད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་5ཚེས་7ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པས་བྱང་ཆིངས་རྩ་འཛུགས་ཀྱིས་ནན་སི་ལ་ཧྥུ་མནའ་འབྲེལ་ལ་འབར་མདེལ་དབྱུགས་པའི་འབྲེལ་ཡོད་གནས་ཚུལ་སྐོར་དྲི་བ་བཏོན་པ་རེད། 
     མགྲིན་ཚབ་པ་ལིན་ཅན་གྱིས་ལོ་ངོ་25ཡི་གོང་ལ་ཨ་རི་གཙོ་བྱས་པའི་བྱང་ཆིངས་དམག་དཔུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་ཆ་མ་ཐོབ་པར། བདག་དབང་རྒྱལ་ཁབ་ནན་སི་ལ་ཧྥུ་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ལ་ཁྲིམས་འགལ་གྱིས་འཇབ་རྒོལ་བྱས་པས། ཀྲུང་གོའི་གསར་འགོད་པ་གསུམ་ཚུད་པའི་ཉེས་མེད་མི་སེར་སྟོང་ཕྲག་ཁ་ཤས་ཀྱི་ཚེ་སྲོག་ཤོར་བ་རེད་ཅེས་བཤད་པ་རེད། 
     བྱང་ཆིངས་རྩ་འཛུགས་ཀྱིས་བསགས་པའི་གདུག་རྩུབ་ཆེ་བའི་བྱས་ཉེས་འདི་ཀྲུང་གོའི་མི་དམངས་ཀྱིས་བརྗེད་མི་སྲིད་ལ། ལོ་རྒྱུས་ཀྱི་སྐྱོ་གར་འདི་ལྟ་བུ་ཡང་བསྐྱར་འཁྲབ་པར་དང་ལེན་གཏན་ནས་བྱེད་མི་སྲིད། སེར་ཝེ་ཡ་དང་སེར་ཝེ་ཡར་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ལོ་རེར་འབྲེལ་ཡོད་ཀྱི་དྲན་གསོའི་བྱེད་སྒོ་སྤེལ་བཞིན་ཡོད།