འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།མི་འདི་དག་གིས་གསབ་དངུལ་བླངས་ཆོག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ནོར་སྲིད་པུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་ཐོག《ལས་ཤོར་འགན་བཅོལ་གྱིས་ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་ཡོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དཔར་འགྲེམ་བྱས་ནས། དུས་མཚམས་རང་བཞིན་དང་མཉམ་སྡེབ་རྣམ་པའི་ལས་ཤོར་འགན་བཅོལ་གྱིས་ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་ཡོང་བའི་སྡེབ་གཅིག་སྲིད་ཇུས་དང་བྱེད་ཐབས་བཏོན་ཏེ། དམངས་འཚོའི་མ་མཐའི་མཚམས་ཐིག་བརྟན་པོ་ཡོང་བར་རོགས་རམ་བྱས་པ་རེད། 《བརྡ་ཐོའི》ནང་ཁེ་ལས་དང་དམངས་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་ཁག་3མུ་མཐུད་ལག་བསྟར་བྱ་རྒྱུ་ཁ་གསལ་བཏོན་ཡོད། 
     ཁུར་པོ་ཡང་དུ་གཏོང་བའི་ཐད། དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་གྲོན་དངུལ་གྱི་ཚད་1%བར་དམའ་རུ་གཏོང་བའི་སྲིད་ཇུས་2025ལོའི་ལོ་མཇུག་བར་མུ་མཐུད་ལག་བསྟར་བྱ་རྒྱུ་རེད། 
     ལས་གནས་བརྟན་པོ་ཡོང་བའི་ཐད། ལས་མི་ཉུང་འཕྲི་མི་བྱེད་པ་དང་ལས་མི་ཉུང་འཕྲི་ཉུང་ཙམ་བྱེད་པའི་འགན་བཅོལ་ནང་ཞུགས་པའི་ཁེ་ལས་ལ་ལས་གནས་བརྟན་སྲུང་ཕྱིར་སློག་སྲིད་ཇུས་2024ལོའི་ལོ་མཇུག་བར་མུ་མཐུད་ལག་བསྟར་བྱ་རྒྱུ་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་ཁེ་ལས་དང་དེའི་ལས་བཟོ་བའི་ལོ་གོང་མའི་ལས་ཤོར་འགན་བཅོལ་གྲོན་དངུལ་དངོས་སུ་འཇལ་བའི་60%ལས་མི་བརྒལ་བ་ཕྱིར་སློག་པ་དང་། ཁེ་ལས་ཆེ་གྲས་ལ་ཕྱིར་སློག་པའི་བསྡུར་ཚད་30%ལས་བརྒལ་མི་རུང་། མ་དངུལ་གྱི་སྤྱོད་སྒོ་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ལས་ཞུགས་ལས་གནས་བརྟན་པོ་བཞིའི་གཏོང་སྒོ་ནས་ཐོན་སྐྱེད་གཉེར་སྐྱོང་གི་མ་གནས་དམའ་རུ་གཏོང་བའི་གཏོང་སྒོའི་བར་རྒྱ་ཆེར་གཏོང་དགོས།  སྤྱི་ཚོགས་ཚོགས་པ་དང་། ཐེབས་རྩ་ལྷན་ཚོགས། སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི། ཁྲིམས་རྩོད་པའི་ལས་གཉེར་ཁང་། རྩིས་པའི་ལས་གཉེར་ཁང་། སྡེ་ཚན་རྣམ་པས་འགན་བཅོལ་ནང་ཞུགས་པའི་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་དཔྱད་གཞིར་བཟུང་ལག་བསྟར་བྱེད་དགོས། 
     རྩལ་ནུས་མཐོ་རུ་གཏོང་བའི་ཐད། རྩལ་ནུས་མཐོ་རུ་གཏོང་བའི་ཁ་གསབ་སྲིད་ཇུས་ཀྱི་འགན་བཅོལ་ནང་ཞུགས་པའི་ལོ་ཚད་མུ་མཐུད་ལྷུག་ཏུ་གཏོང་བ་མ་ཟད། ཁེ་ཕན་ཐོབ་པའི་ཁྱབ་ཁོངས་2024ལོའི་ལོ་མཇུག་བར་རྒྱ་ཆེར་གཏོང་རྒྱུ་དང་། འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲད་ནས་ལོ་གཅིག་འགོར་བ་དང་། ལས་རིགས་ཐོབ་ཐང་ལག་ཁྱེར་རམ་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཐོབ་པའི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་བའམ་ལས་ཤོར་འགན་བཅོལ་དངུལ་ལེན་མཁན་ལ་རྩལ་ནུས་མཐོ་རུ་གཏོང་བའི་ཁ་གསབ་སྤྲོད་དགོས། 
     《བརྡ་ཐོའི》ནང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་རིམ་ཁག་གིས་ལས་ཤོར་འགན་བཅོལ་ཐོབ་ཐང་“ཤར་བགྲོད་ངང་ལེན་པ་དང་། བདེ་འཇགས་ངང་སྒྲུབ་པ”། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་དུ་གཏོང་བའི“སྲུང་སྐྱེལ་བྱ་སྤྱོད”དང་རྩལ་ནུས་མཐོ་རུ་གཏོང་བའི“གཤོག་རྐྱོང་བྱ་སྤྱོད”བཅས་ཤུགས་ཆེན་སྤེལ་ནས། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀའི་བྱེད་ཐབས་ཞིབ་ཕྲ་དང་དངོས་ཡོད་ཅན་དུ་འགྱུར་བ་བྱས་ཏེ། ལས་སྒྲུབ་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་ཐེབས་རྩའི་ཉེན་ཁར་དོགས་ཟོན་ཏན་ཏིག་བྱས་ནས། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།