འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།སྟག་རྒན་འདི་བཟུང་འདུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
   གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བཟོ་ལས་དང་ཆ་འཕྲིན་ཅན་པུའི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་། རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་། ཀྲུང་གོའི་རྡོ་ཐ་སྤྱི་ཁྱབ་ཀུང་སིའི་དེ་སྔའི་སྤྱི་ཁྱབ་ཅིང་ལི་ལིང་ཁྲེང་ཞིང་གིས་ལྐོག་རྔན་བླངས་པ་དང་། གཞུང་ཁོངས་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱོད་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་པ་དང་། གཞུང་ཁོངས་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པའི་བྱས་ཉེས་ཐོག་ནས་ལིང་ཁྲེང་ཞིང་འཛིན་རྒྱུའི་ཐག་བཅད། གྱོད་གཞི་འདི་ཐག་གཅོད་བྱེད་བཞིན་པའི་སྒང་རེད།