འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།ཀྲུང་གོའི་དམག་དོན་གནམ་གྲུས་ “བཀག་བྱུང་”ཟེར་བའི་ཐད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཀྲུང་གོའི་དམག་དོན་གནམ་གྲུས་ཨོ་སི་ཁྲུ་ལི་ཡའི་དམག་གྲུའི་ཐོག་གི་ཐད་འཕུར་གནམ་གྲུ་“བཀག་བྱུང་”ཟེར་བའི་འུད་སྒྲོག་གི་དོན་དག་ཐད་རྒྱལ་སྲུང་པུས་ལན་བཏབ་པ།
    གསར་འགོད་པས། ཨོ་སི་ཁྲུ་ལི་ཡའི་རྒྱལ་སྲུང་པུས་ཟླ་5ཚེས་4ཉིན་ཨོ་སི་ཁྲུ་ལི་ཡའི་མཚོ་དམག་གི་ཐད་འཕུར་གནམ་གྲུ་ཞིག་རྒྱ་མཚོ་སེར་པོའི་རྒྱལ་སྤྱིའི་ཆུ་ཁོངས་སུ་ལས་འགན་སྒྲུབ་སྐབས་ཀྲུང་གོའི་དམག་དོན་གནམ་གྲུས་བཀག་འགོག་བྱས་བྱུང་ཟེར། ཨོ་སི་ཁྲུ་ལི་ཡའི་རྒྱལ་སྲུང་པུའུ་ཀྲང་མར་སིས་དེའི་ཐད་དེ་ནི་བདེ་འཇགས་མིན་པའི་དོན་རྐྱེན་ཚབས་ཆེན་ཞིག་རེད་ཅེས་བཤད་པར་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས།
    ཀྲང་ཞའོ་ཀང་གིས། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱི་དཀར་ནག་གོ་ལྡོག་དང་། བཟང་བྱས་ངན་འགྱུར་ཚུལ་ལ་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཟླ་5ཚེས་3ནས་ཚེས་4ཉིན་བར། ཀྲུང་གོའི་མཚོ་དམག་གི་དམག་གྲུའི་དཔུང་ཁག་ཀྲུང་གོའི་རྒྱ་མཚོ་སེར་པོའི་འབྲེལ་ཡོད་མཚོ་ཁོངས་སུ་སྦྱོང་བརྡར་བྱེད་རིང་། ཨོ་སི་ཁྲུ་ལི་ཡའི་“ཧོ་པ་ཐེ་”རྟགས་ཅན་གྱི་འཕུར་མདེལ་མཐར་སྐྲོད་དམག་གྲུའི་ཐོག་གི་ཐད་འཕུར་གནམ་གྲུ་ཀྲུང་གོ་ཕྱོགས་ཀྱི་རྒྱུན་གཏན་སྦྱོང་བརྡར་བྱེད་སྒོའོི་ཉེ་སར་མངགས་ནས་མྱུལ་ཞིབ་འགོག་རྐྱེན་བཟོ་ཐེངས་གསུམ་བྱས་པར། ཀྲུང་གོའི་དམག་དཔུང་གིས་ཐ་ཚིག་བསྒྲགས་ནས་ཕྱིར་འབུད་བཏང་བའི་འབྲེལ་ཡོད་བྱེད་ལུགས་ཚུལ་དང་མཐུན་ཞིང་ཆེད་ལས་དང་བདེ་འཇགས་ཡིན་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ལག་ལེན་དངོས་དང་རྦད་དེ་མཐུན་ཡོད་པས། ང་ཚོས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ལ་ཀྲུང་གོ་ཕྱོགས་ཀྱི་བདག་དབང་དང་བདེ་འཇགས་ལ་དོ་ཁུར་བརྩི་འཇོག་ཏན་ཏིག་བྱེད་རེ་འདོན་རྒྱུ་དང་། གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་མཚམས་འཇོག་པ། མཚོ་ཐོག་དང་མཁའ་ཐོག་དམག་ཤུགས་ཀྱི་བྱ་སྤྱོད་ཚོད་འཛིན་ནན་པོར་བྱེད་པ། ཉེན་ཁ་ཆེ་བའི་འཁྲུག་རྐྱེན་སློང་བའི་བྱེད་སྤྱོད་མཐའ་དག་མཚམས་འཇོག་བཅས་ཀྱི་བླང་བྱ་བཏོན་ཏེ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་བར་དམག་དཔུང་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ལ་གཏོར་བཤིག་མི་གཏོང་བའི་བླང་བྱ་འདོན་རྒྱུ་ཡིན་ཞེས་བཤད།