འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཨུད་ཀྱིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མར་སློབ་རོགས་དངུལ་སྒོར་ཁྲི་522སྤྲད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཨུད་ནས་ཤེས་རྟོགས་བྱུང་བར། 2024ལོ་ནས་མིག་སྔའི་བར་གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཨུད་དང་མཚོ་སྔོན་ཞིང་ཆེན་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་རིམ་རྩིས་བྱས་ན། སྤྱི་ཕན་མ་དངུལ་སྒོར་ཁྲི་522བསྡུས་ནས་མཚོ་སྔོན་གྱི་ཕུགས་རེའི་འདུ་འགོད་ཀྱི་སློབ་རོགས་མི་སྐྱོང་གི་འཆར་གཞི་སྤེལ་བ་དང་གུང་གཞོན་སྡེ་ཚོགས་ཀྱིས་ཏང་ལ་མི་གསོ་སྐྱོང་བྱེད་པའི་ནུས་པ་གལ་ཆེན་དང་མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ཚོགས་པའི་ཁོངས་གཏོགས་ཀྱི་སྤྱི་ཕན་རྩ་འཛུགས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་སློབ་མ་5199ལ་རོགས་སྐྱོར་བྱས་ཡོད།
     མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་གཞོན་ནུ་ལོ་ཆུང་གི་འཚར་ལོངས་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་གུང་གཞོན་སྡེ་ཚོགས་ཞིང་ཆེན་ཨུ་ལྷན་གྱིས་མཚོ་སྔོན་གྱི་ཕུགས་རེའི་འདུ་འགོད་ཀྱི་སློབ་རོགས་མི་སྐྱོང་འཆར་གཞི་གསར་གཏོད་ལག་བསྟར་བྱས་ནས་ལོ་ནའི་དུས་མཚམས་ཁག་ལ་ཁྱབ་པའི་སློབ་མའི་རོགས་སྐྱོར་ཞབས་ཞུའི་མ་ལག་བཙུགས་པ་དང་ཧོན་ཧྥང་གི“ཕུགས་རེའི་འདུ་འགོད་1+1-ཧོན་ཧྥང་སློབ་རོགས་འཆར་གཞི”དང་། ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་གྱི་ཆེད་དོན་སློབ་རོགས་བྱ་སྤྱོད། ཕུགས་རེའི་འདུ་འགོད་ཀྱི་1+1སློབ་རོགས་རྣམ་གྲངས། ཏུང་རུན་རིག་འཕེལ་སློབ་རོགས་མ་དངུལ་རྣམ་གྲངས། སློབ་སྐྱོར་ཚོགས་པའི་སློབ་རོགས་རྣམ་གྲངས་སོགས་སློབ་རོགས་མི་སྐྱོང་གི་རྣམ་གྲངས་ལག་བསྟར་བྱས་པ་རེད། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་ཧུར་ཐག་འཚམ་པར་བྱས་ཏེ་ཕུགས་རེའི་སློབ་ཆུང་གི་རོགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བཏང་ཞིང་། མིག་སྔར་ཕུགས་རེའི་སློབ་ཆུང་གི་རོགས་སྐྲུན་རྣམ་གྲངས་2བཙུགས་ནས་ལག་བསྟར་བྱས་ཏེ་ཕུགས་རེའི་སློབ་ཆུང་གི་མཉེན་ཆས་དང་མཁྲེགས་ཆས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ཡོད།