འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།མཚོ་བོད་ལྕགས་ལམ་ཟི་གོར་ལམ་དུམ་ནས་འགྲུལ་པ་མི་ཐེངས་དུང་ཕྱུར་1.1 སྐྱེལ་འདྲེན་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་4པའི་ཟླ་མཇུག་བར། མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོའི་བར་གྱི་ལམ་དུམ(གཤམ་དུ་ཟི་གོར་ལམ་དུམ་ཞེས་བསྡུ་རྒྱུ)1984ལོའི་ཟླ་5ཚེས་1ཉིན་ཤར་གཏོང་ཐུབ་པ་ནས་བཟུང་། རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་1.1ལས་བརྒལ་བ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་4.8ཟིན་ནས། མཚོ་བོད་ལྕགས་ལམ་གྱི་ས་ཁོངས་རང་བཞིན་གྱི་ནུས་པ་དང་ས་གནས་ཀྱི་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་ནུས་པ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
     ཤར་གཏོང་དང་གཉེར་སྐྱོང་བྱས་ནས་ལོ་40སོང་རིང་ཟི་གོར་ལམ་དུམ་དེ་ལམ་ཐིག་རྐྱང་པ་ནས་གློག་རླངས་ཅན་གྱི་ལྕགས་ལམ་ཉིས་གཤིབ་མའི་བར་དང་། ནང་འབར་མེ་འཁོར་མགོ་ནས་གློག་ཤུགས་མེ་འཁོར་མགོ་བར་དང་དེ་ནས་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་བར་གྱི་མཆོང་སྐྱོད་ཐེངས་མང་བྱུང་ཡོད། ནུབ་རྒྱུད་གསར་འབྱེད་ཆེན་པོའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས་ལྕགས་ལམ་ལས་ལམ་རྒྱུད་མང་ཚོགས་ཀྱི་འགྲོ་སྐྱོད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ས་མཐོའི་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་དང་བདེ་སྐྱིད་ལམ་ལ་གྱུར་པ་རེད།
     (ལྷག་ཚེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)