འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་7ཉིན།

༄༅།།ཀྲུང་གོ་ཕྱོཊ་ཨ་རིར་བསྐྱོད་ནས་འདིའི་ཐད་གྲོས་མོལ་བྱ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་07ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     སྐྱེ་ཁམས་ཁོར་ཡུག་པུའི་གཞུང་ཕྱོགས་དཔོད་ཆུང་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་གྲོས་ཐག་བཅད་གསལ་དུ། ཀྲུང་གོའི་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་དམིགས་བསལ་ཕོ་ཉ་ལིའུ་ཀྲེན་མིང་གིས་ཟླ་5ཚེས་7ནས་16ཉིན་བར་འཐུས་མིའི་སྣེ་ཁྲིད་ནས་ཨ་རིར་བསྐྱོད་དེ། ཨ་རིའི་ཙུང་ཐུང་གི་རྒྱལ་སྤྱིའི་གནམ་གཤིས་སྲིད་ཇུས་ཀྱི་མཐོ་རིམ་བློ་འདྲི་བ་པོ་ཏེ་སི་ཐ་དང་གྲོས་མོལ་བྱ་རྒྱུ་རེད། 
     ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་མཛུབ་ཁྲིད་དུ་བྱས་ནས།《མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གནམ་གཤིས་ཉམས་ཉེན་ལ་ཁ་གཏད་གཅོག་པའི་ཉི་འོད་ཀྱི་ཕ་ཡུལ་སྐོར་གྱི་གསལ་བསྒྲགས་》སོགས་ཕྱོགས་གཉིས་པོའི་ཐུན་མོང་ངོས་འཛིན་དང་། ཀྲུང་གོ་དང་ཨ་རིའི་གནམ་གཤིས་མཉམ་ལས་ལ་དངོས་གཞིའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་བསམ་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུ་རེད། དམིགས་བསལ་ཕོ་ཉ་ལིའུ་ཀྲེན་མིང་ད་ཐེངས་འཚམས་འདྲིར་ཕེབས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་དང་། དེ་བཞིན་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་ས་གནས་སྲིད་གཞུང་དང་ཡང་རིག་མཛོད་སོགས་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་གྲོས་གཞིའི་ཐད་སྤེལ་རེས་བྱ་རྒྱུ་རེད།