འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་7ཉིན།

༄༅།།འཛམ་གླིང་གི་ཆེས་ཆེ་ཤོས་དེ་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་07ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཛམ་གླིང་གི་ཆེས་ཆེ་ཤོས་དེ་རྙེད་འདུག
   ཚེས་6ཉིན། ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིང་)དང་ཧྥུའུ་ཅན་ཞིང་ཆེན་དབྱིན་ལེང་རྡོ་རྒྱུ་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གིས་སྣེ་ཁྲིད་པའི་ཚན་རིག་མཁས་ཅན་ཚོགས་པས་བསྒྲགས་དོན། ཚོགས་པ་དེས་དེ་གོང་ཧྥུའུ་ཅན་དུ་རྙེད་པའི་ལུང་ཞང་ཁུང་འབྲུག་གི་སྡེར་མོའི་རྗེས་མང་པོའི་ཁྲོད་དུ་ཪྙེད་པའི་སྡེར་མོ་ཆེ་གྲས་རིགས་ཀྱི་ཁུང་འབྲུག་གི་སྡེར་རྗེས་ནི་མིག་སྔར་རྙེད་པའི་འཛམ་གླིང་གི་སྡེར་མོ་ཆེ་གྲས་རིགས་ཀྱི་ཁུང་འབྲུག་གི་སྡེར་རྗེས་ཆེ་ཤོས་ཡིན་པ་དང་། དེའི་ནང་དུ་སྡེར་རྗེས་5ཡི་རིང་ཚད་ལ་ཆ་སྙོམས་ལི་སྨི་36.4དང་ཞེང་ཚད་ལ་ལི་སྨི་16.9ཙམ་ཡོད། ཞིབ་འཇུག་མི་སྣས་ཆེད་དུ་སྡེར་རྗེས་ཀྱི་རིགས་གསར་པ་ཞིག་བཙུགས་ཏེ་དེའི་མིང་ལ“དབྱིན་ལེང་ཧྥུའུ་ཅན་གྱི་སྡེར་རྗེས་”བཏགས་ཡོད། 
   “འདི་ནི་མིག་སྔར་འཛམ་གླིང་ཐོག་རྙེད་པའི་སྡེར་མོ་ཆེ་གྲས་རིགས་ཀྱི་ཁུང་འབྲུག་གི་སྡེར་རྗེས་ཆེ་ཤོས་རེད། ”ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིང་)གྱི་དགེ་རྒན་ཆེན་མོ་གཞོན་པ་ཤིང་ལི་ཏ་ཡིས་བཤད་རྒྱུར། རྣམ་པའི་ཐོག་ནས་བལྟས་ན། མཛུབ་གཉིས་ཅན་གྱི་སྡེར་རྗེས་ཆེ་གྲས་དེ་དག་དེ་སྔོན་བཙུགས་པའི་ཁུང་འབྲུག་གི་སྡེར་རྗེས་ཁོངས་གཏོགས་ཚང་མའི་ཁྱད་ཆོས་དང་མི་མཐུན་ཞིང་། སྡེར་རྗེས་ཆེ་ཆུང་ལ་གཞིགས་ན། སྡེར་རྗེས་བཞག་པའི་ཁུང་འབྲུག་གི་གཟུགས་པོའི་རིང་ཚད་ཉུང་མཐར་ཡང་སྨི་5དང་འཕོངས་གནས་སྨི་2ཙམ་ཟིན་གྱི་ཡོད། གཟུགས་དབྱིབས་ནི་ལྷོ་ཕྱོགས་ཀྱི་ཏའོ་འབྲུག་དང་ཡིའུ་ཐ་ཏའོ་འབྲུག་དང་བསྡུར་འོས།   
   ཤེས་རྟོགས་བྱུང་བར་གཞིགས་ན། གྲུབ་འབྲས་དེ་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《སྣོལ་སྡེབ་ཚན་རིག》ཐོག་བཀོད་ཡོད་པ་རེད།