གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་07ཉིན། 13:31】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཚོ་སྔོན་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་དུ་གནའ་བོའི་དེབ་3000ལྷག་ཙམ་ཉར་ཚགས་བྱ་ས་པའི་ནང་བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བ་ཡོད་པའི་དེབ་1300ཙམ་ཡོད་པ་རེད། ཤོག་ལྷེབ་ཉམས་གསོ་དང་། མཛོད་ཁང་ཉར་ཚགས། འགྲེམས་སྟོན་བཅས་བྱས་པ་སོགས་ལས། བོད་ལུགས་གསོ་རིག་རིག་གནས་རྟེན་མཛོད་ཁང་དུ་གསོན་ཉམས་གྱིས་རྒྱས་ཡོད།
གནའ་བོའི་བྲིས་མ་ཧ་ཅང་གྲལ་སྟར་འགྲིག་ཅིང་། ཤོག་བུ་ནི་སྲོལ་རྒྱུན་གྱི་བོད་ཤོག་ཡིན་པ་དང་། རེ་ལྕག་པའི་རྩ་བ་ལས་བཟོས་པ་རེད།
《སྨན་རྫས་ཀྱི་རི་མོའི་འགྲེལ་པ་·དངུལ་གྱི་མེ་ལོང》དེ་རྟེན་མཛོད་ཁང་གི་དྲོད་ཚད་སྙོམས་ཁང་ནང་ཉར་ཚགས་བྱས་ཡོད་པ་དང་། འགྲེམས་སྟོན་ཁང་གི་སྒྲིག་ཆས་ལེགས་སུ་བཏང་རྗེས་ཡུལ་སྐོར་བ་ཚོའི་མིག་ལམ་དུ་བསྒྱུར་རྒྱུ་ཡིན་གཤིས། མི་མང་པོ་ཞིག་གིས་གནའ་བོའི་དེབ་དང་བོད་ཀྱི་གསོ་བ་རིག་པའི་རིག་གནས་ཤེས་རྟོགས་ཐུབ་རྒྱུ་རེད།
【1】
【2】