འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་7ཉིན།

༄༅།།2023ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྲི་7416.7ཡོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་07ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2023ལོའི་ཟླ་12པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྲི་7416.7དང་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཁྲི་431.6ཡོད་པ་དང་2023ལོར་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྲི་460.5འཕེལ་རྒྱས་བཏང་ཡོད།
   དེའི་ནང་སྡེ་ཚོགས་ཀྱི་ས་གནས་ཨུ་ཡོན་ལྷན་ཁང་ཁྲི་0.3དང་། གཞི་རིམ་སྡེ་ཚོགས(ལས་དོན)ཨུ་ཡོན་ལྷན་ཁང་ཁྲི་19.3 སྡེ་ཚོགས(སྤྱི་ཁྱབ)ཀྲི་པུའུ་ཁྲི་412.0བཅས་ཚུད་ཡོད། སློབ་གྲྭའི་སྡེ་ཚོགས་རྩ་འཛུགས་ཁྲི་190.5དང་ཚོགས་མི་ཁྲི་3824.5ཡོད་པ་དང་། ཁེ་ལས་ཀྱི་སྡེ་ཚོགས་རྩ་འཛུགས་ཁྲི་91.0དང་ཚོགས་མི་ཁྲི་721.0ཡོད་པ། ལས་ཁུངས་དང་བྱ་གཞག་ཚན་པའི་སྡེ་ཚོགས་རྩ་འཛུགས་ཁྲི་36.0དང་ཚོགས་མི་ཁྲི་441.9ཡོད་པ། གྲོང་ཁྱེར་གྱི་ཁྲོམ་གཞུང་དང་། ཤང་དང་གྲོང་རྡལ། སྡེ་ཁུལ(གྲོང་མི་ཨུ་ཡོན་ལྷན་ཁང)སྲིད་འཛིན་གྲོང་ཚོ་བཅས་ཀྱི་སྡེ་ཚོགས་རྩ་འཛུགས་ཁྲི་94.2དང་ཚོགས་མི་ཁྲི་2173.7ཡོད་པ། སྤྱི་ཚོགས་རྩ་འཛུགས་དང་ཁྱབ་ཁོངས་གཞན་དག་གི་སྡེ་ཚོགས་རྩ་འཛུགས་ཁྲི་19.9དང་ཚོགས་མི་ཁྲི་255.6ཡོད་པ་རེད།