འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་6ཉིན།

༄༅།།འགོ་ཁྲིད་འདི་གཞུང་གཏུག་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་06ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། སི་ཁྲོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་། ཐིང་ཀྲང་ཧོ་ཅན(ཐིང་རིམ་པ་རྒན་པ)ལ་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་གྱོད་གཞི་དེ་སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྤྲོད་གཏན་འཁེལ་བྱས་པ་བརྒྱུད། དཀར་མཛེས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལྟར་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད། 
     ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་དང་ཞུ་གཏུག་བྱེད་པའི་དུས་རིམ་དུ། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཧོ་ཅན་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་གཏུག་བཤེར་དབང་ཆ་གསལ་བཤད་བྱས་པ་མ་ཟད། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བར་འདྲི་རྩད་བྱས་པ་དང་། དག་འབུད་བྱེད་མཁན་གྱི་བསམ་འཆར་ལ་ཡང་ཉན་ཡོད། དཀར་མཛེས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བརྒྱབ་ནས་སྐྱོན་འཛུགས་བྱས་དོན། 2008ལོ་ནས་2018ལོའི་བར། ཞུ་སྦྱོར་ཕྱི་མ་ཧོ་ཅན་གྱིས་ཏ་ཀྲོའུ་གྲོང་ཁྱེར་གྱི་འགོ་འཛིན་དང་། སི་ཁྲོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་སོགས་ཀྱི་ལས་གནས་འགན་འཁུར་བའི་སྟབས་བདེར་བརྟེན་ནས་མི་གཞན་ལ་ཁེ་ཕན་དོན་གཉེར་དང་། ཁྲིམས་འགལ་གྱིས་མི་གཞན་གྱི་རྒྱུ་ནོར་བླངས་ཤིང་གྲངས་འབོར་ཤིན་ཏུ་མང་པས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་གི་ཐོག་ནས་ཉེས་འགན་བདའ་འདེད་གཏོང་དགོས།