འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་6ཉིན།

༄༅།།ཀྲུང་གོ་དང་ཨུ་རུ་སུའི་ལས་གྲྭ་ཆེན་པོ་འདི་ལོ་མཇུག་སྔོན་འགྲུབ་རྒྱུ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་06ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོ་དང་ཨུ་རུ་སུའི་ལས་གྲྭ་ཆེན་པོ་འདི་ལོ་མཇུག་སྔོན་འགྲུབ་རྒྱུ།
   ཟླ་5ཚེས་3ཉིན། ཅང་སུའུ་ནན་ཐུང་ཀྲུང་ཨུ་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་གྱི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ་འབྲི་ཆུའི་ཕུབ་འབིགས་བརྒྱུད་བརྒལ་ལས་གྲྭའི་མདོང་ལམ་འདིང་བའི་ལས་ཀ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་རེད།  
ཀྲུང་ཨུ་ཤར་རྒྱུད་ཀྱི་འབྲི་ཆུའི་ཕུབ་འབིགས་བརྒྱུད་བརྒལ་ལས་གྲྭ་ནི་ཕུག་ལམ་གྱི་རིང་ཚད་སྤྱི་ལེ་10.226ཙམ་ཟིན་པ་དང་། སྦུག་ལམ་ས་འོག་གི་གཏིང་ཚད་རིང་ཤོས་དེ་གཙང་པོའི་ངོས་དང་བར་ཐག་སྨི་60ལས་བརྒལ་བ། ཕུག་ལམ་གྱི་ཚངས་ཐིག་སྨི་6.8ཟིན། དེ་ནི་མིག་སྔར་འཛམ་གླིང་སྣུམ་རླངས་ཁྱབ་ཁོངས་ཀྱི་ཕྱོགས་རྐྱང་པའི་ཕུབ་འབིགས་ཀྱིས་སྔོག་པའི་བར་ཐག་རིང་ཤོས་དང་། ས་འོག་གི་གཏིང་ཚད་གཏིང་ཟབ་ཤོས། ཁ་ཞེང་ཆེ་ཤོས། ཨར་ལས་ཆ་རྐྱེན་རྙོག་འཛིང་ཆེ་ཤོས་བཅས་ཀྱི་སྣུམ་རླངས་མདོང་ལམ་གཙང་པོ་བརྒལ་བའི་ཕུབ་འབིགས་ལས་གྲྭ་ཞིག་རེད།
   འབྲི་ཆུའི་ཕུབ་འབིགས་ལས་གྲྭ་ནི་ཀྲུང་ཨུ་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་གྱི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་། 2020ལོའི་ཟླ་7པར་ལས་འགོ་བརྩམས་པ་དང་། 2022ལོའི་ཟླ་12ཚེས་4ཉིན་ཕུག་ལམ་ཤར་གཏོང་ཐུབ་ནས་མདོང་ལམ་འདིང་འགོ་ཚུགས། སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་གོང་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།