འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་6ཉིན།

༄༅།།ཨུ་རུ་སུའི་དམག་གིས་ཨ་རིའི་འཕུར་མདེལ་4གཏོར་བ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་06ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཚེས་4ཉིན། ཨུ་རུ་སུའི་འཁོར་སྐར་དྲ་བའི་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་གནས་འཕྲིན་སྤེལ་ནས། ཨུ་རུ་སུའི་མཁའ་ཟོན་དཔུང་སྡེས་ཁེ་ལི་མི་ཡའི་མཁའ་དབྱིངས་སུ་ཡུག་རེན་དམག་ནས་འཕངས་ཤིང་ཨ་རིས་བཟོས་པའི་སྐམ་དམག་གི་འཐབ་རྩལ་འཕུར་མདེལ་མ་ལག་(ATACMS)4རྩ་གཏོར་བཏང་བ་ཡིན་ཟེར།
   གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་གནས་འཕྲིན་སྤེལ་ནས། ཨུ་རུ་སུ་ཕྱོགས་ཀྱིས་ཡུག་རེན་ཕྱོགས་ནས་“ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་མངའ་ཁོངས་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་བྱེད་པའི་རེ་ངན་དེ་ཕམ་ཉེས་སུ་བཏང་ཡོད་”ཅེས་ཀྱང་འཁོད་ཡོད་པ་རེད། 
   ད་ལམ། ཡུག་རེན་ཕྱོགས་ཀྱིས་དེའི་ཐད་གནས་སྐབས་ལན་བརྒྱབ་མེད་པ་རེད།